འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་
    རྩལ་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་25ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་
རྩལ་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མཛེས་སྡུག་ལྡན་པའི་བོད་ལྗོངས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན”ཟླ་9ཚེས་23ཉིན་པེ་ཅིང་ཡན་ཧོང་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་འགོ་ཚུགས་པ་དང་། འགྲེམས་སྟོན་དེ་ཟླ་10ཚེས་7ཉིན་བར་གཉེར་རྒྱུ་ཡིན་པ་རེད།
         ད་རེས་འགྲེམས་སྟོན་དུ་ཆེད་མངགས་གདན་ཞུ་བྱས་པའི་དུས་རབས་20པའི་ཀྲུང་གོའི་མཛེས་རྩལ་ལོ་རྒྱུས་ཐོག་གི་བོད་ཀྱི་སྐོར་གྱི་བརྩམས་ཆོས་རྩེ་གྲ་དང་། འདི་ལོའི་ཟླ་བདུན་པར་མཛེས་རྩལ་མཁས་ཅན་21གིས་གསར་དུ་བྲིས་པའི་བརྩམས་ཆོས་200ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད། བརྩམས་ཆོས་ལ་གངས་ལྗོངས་ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡོད་ལ། ལས་ལ་བརྩོན་པའི་ས་མཐོའི་མི་རྣམས་ཀྱི་གཟུགས་བརྙན་ཡང་ཡོད། དེ་དང་དུས་མཚུངས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གོམས་སྲོལ་དང་མི་རིགས་མང་པོ་འགྲོ་འོང་སྤེལ་རེས་བྱེད་པའི་ད་ལྟའི་གནས་ཚུལ་ཡང་མངོན་ཡོད།
    【1】  【2】  【3】  【4】
    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་
རྩལ་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།