འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་གི་ལྕགས་ལམ་འགྲུལ་སྐྱེལ་སྐྱེལ་འདྲེན་
    གྱི་ཇུས་གཞི་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་26ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྤྱི་ལོ་༢༠༡༤ལོའི་ཟླ་མཆོད་དུས་ཆེན་གྱི་དུས་ཐུང་ངལ་གསོ་དང་རྒྱལ་སྟོན་དུས་བཟང་གཟའ་འཁོར་གྱི་འགྲུལ་པའི་སྐྱེལ་འདྲེན་ལས་ཀའི་ཇུས་གཞི་བཏོན་ཡོད། ད་ལོའི་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་སྐྱེལ་འདྲེན་སྤྱི་ཟླ་དགུ་པའི་ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཉིན་བར་ཡིན་པ་དང་ཁྱོན་བསྡོམས་ཉིན་བཞི་ཡོད་པ་རེད། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་འགྲུལ་པ་མིའི་ཐེངས་གྲངས་བྱེ་བ་གསུམ་དང་ས་ཡ་གཅིག་དང་ཉི་འབུམ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མིའི་ཐེངས་གྲངས་ས་ཡ་བདུན་དང་བརྒྱད་འབུམ་སྐྱེལ་འདྲེན་བྱེད་པ་དེ། དུས་མཚུངས་ལས་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་བཞི་མང་དུ་འགྲོ་རྒྱུ་ཡིན་པ་རེད། རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་སྐྱེལ་འདྲེན་དེ་སྤྱི་ཟླ་དགུ་པའི་ཚེས་༢༨ཉིན་ནས་སྤྱི་ཟླ་༡༠པའི་ཚེས་༧ཉིན་བར་ཡིན་པས། ཁྱོན་ཉིན་བཅུ་ཡོད་པ་རེད། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་ལྟར་ན་འགྲུལ་པ་མིའི་ཐེངས་གྲངས་བྱེ་བ་དགུ་དང་ས་ཡ་གཉིས་དང་བདུན་འབུམ་ཟིན་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མིའི་ཐེངས་གྲངས་ས་ཡ་དགུ་དང་ཉིས་འབུམ་བདུན་ཁྲི་ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་༡༢དང་གྲངས་ཆུང་༩མང་དུ་འགྲོ་རྒྱུ་ཡིན་པ་རེད། དྲ་བ་ནས་སྤ་སེ་ཉོ་བ་དང་ཁ་པར་བརྒྱབ་ནས་སྤ་སེ་མངགས་ཉོ་བྱེད་པའི་སྤ་སེ་ཚོང་བའི་དུས་ཚོད་ཉིན་ཉི་ཤུ་ཡིན་པས། ལྕགས་ལམ་སྡེ་ཁག་གིས། རྒྱ་ཆེའི་འགྲུལ་པས་གང་མགྱོགས་འགྲོ་སྐྱོད་འཆར་གཞི་བཀོད་སྒྲིག་བྱས་ཏེ། སྤ་སེ་སྔ་སྣུར་དུ་ཉོ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།