འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་གཏུམ་སྤྱོད་འཇིགས་སྐུལ་པ་མི་བརྒྱད་ལ་སྲོག་ཁྲིམས་བཅད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་26ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཨུ་ལུམ་ཆི་དང་། ཨ་ཁེ་སུ། ཁ་ཧྲེ། ཧོ་ཐན་བཅས་ས་ཁུལ་དང་གྲོང་ཁྱེར་བཞིའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འཇིགས་སྐུལ་ཚོགས་པ་སྒྲིག་འཛུགས་དང་། དེར་འགོ་ཁྲིད་བྱས་པ། དེའི་ནང་ཐེ་ཞུགས་བྱས་པ་བཅས་ཀྱི་ཉེས་པ་དང་། རྐང་བཙུགས་ནས་མི་བསད་པ་དང་། མེ་རྒྱབ་པའི་ཉེས་པ་བསགས་པ། ཁྲིམས་འགལ་ཐོག་ནས་འབར་རྫས་བཟོ་བསྐྲུན་དང་། ཉར་འཇོག སྐྱེལ་འདྲེན་བཅས་བྱས་པའི་ཉེས་པ་བསགས་པ། ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་བཅས་ཀྱི་ཉེས་མིང་ཐོག་ནས། ཁྲིམས་ལྟར་ཡུས་ཧྲན་ཅང་ཨུ་ཞུར་དང་། ཡུས་སུ་ཕུ་ཨུ་མེར་ཉི་ཡ་ཙེ། ཡུས་སུ་ཕུ་ཨད་ཧ་མེ་ཏེ་སོགས་གྱོད་གཞི་ལྔ་དང་འབྲེལ་བ་ཡོད་པའི་གྱོད་ཡ་བརྒྱད་སྲོག་ཐོག་ཏུ་བཏང་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་ལྔ་པོ་དེ་དག་ནི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གཏུམ་སྤྱོད་འཇིགས་སྐུལ་དོན་རྐྱེན་དང་། ཨ་ཁེ་སུ་ས་ཁུལ་གྱི་མེ་མདའ་འཕྲོག་ནས་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་གྱོད་གཞི། ཁ་ཧྲེ་ས་ཁུལ་གྱི་ཁྲིམས་འགལ་ཐོག་འབར་རྫས་སྤར་ནས་མི་བསད་པའི་གྱོད་གཞི། ཧོན་ཐན་ས་ཁུལ་དུ་འཇིགས་སྐུལ་ཚོགས་པ་བཙུགས་པ་དང་དེར་འགོ་ཁྲིད་བྱས་པ། འཇིགས་སྐུལ་བྱེད་སྒོའི་ནང་ཞུགས་པ། ཞིབ་བཤེར་ས་ཚུགས་མེར་བསྲེགས་བཏང་བ། རྒྱལ་ཁབ་ཀྱི་ལས་བྱེད་པ་བསད་པའི་གྱོད་གཞི་བཅས་དང་འབྲེལ་བ་ཡོད་པ་དང་། གོང་གི་གྱོད་གཞི་དེ་དག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་དང་། སྤྱི་པའི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།