འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་
    གི་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་26ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་འཚོག་འགོ་བརྩམས་ཤིང་། གྲོས་ཚོགས་ཐོག་སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་དག་བཅོས་འཆར་ཟིན་གྱི་མ་ཟིན་དང་སྲིད་འཛིན་སྐོར་གྱི་གཏུག་བཤེར་བཅའ་ཁྲིམས་དག་བཅོས་འཆར་ཟིན་གྱི་མ་ཟིན་ལ་མུ་མཐུད་དེ་གྲོས་ཞིབ་དང་། ཁྲིམས་བཟོའི་སྐོར་གྱི་བཅའ་ཁྲིམས་དག་བཅོས་འཆར་ཟིན་གྱི་མ་ཟིན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་2017ལོའི་སྲིད་འཛིན་འགོ་འདོམས་དང་དེ་བཞིན་2016ལོའི་ཁྲིམས་བཟོའི་ལྷན་ཚོགས་འབྱུང་ཐབས་ལ་བཟོ་བཅོས་རྒྱག་དགོས་མིན་སྐོར་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ཀྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱ་རྒྱུ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།