༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བའི་གོ་གནས་བསྐོ་འཐེན་
གནང་བ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 03ཚེས་09ཉིན། 14:13】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར་གཤམ་གྱི་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བའི་གོ་གནས་བསྐོ་འཐེན་གནང་བ་སྟེ།
གཅིག ཤའོ་ཆན་གྱི་ཧིན་རྡུ་ཉི་ཞི་ཡའི་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ལུའུ་ཁང་ཧིན་རྡུ་ཉི་ཞི་ཡའི་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ།
གཉིས། ཅིན་ཀྲི་ཅན་གྱི་འཁྱགས་གླིང་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ཧོ་རུའུ་ལུང་འཁྱགས་གླིང་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ།
གསུམ། ཁྲེང་ཅིང་ཡེའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ཤའོ་ཆན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་ཡོད་པའི་ཆེད་བསྐོས་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱེད་རྒྱུ་བཅས་རེད།
