འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་9ཉིན།

༄༅།།འོས་འགན་སློབ་གསོའི་དུས་མཚམས་ཀྱི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི“ཁེ་
གཉེར་ནས་ཁེ་གཉེར་མིན་པར་བསྒྱུར་བའི”ལས་དོན་ཚང་མ་ལེགས་གྲུབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་09ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་དེ་སྔའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དྲ་ཕྱིའི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཁྲི་12.4ནས་ད་ལྟའི་9728བར་ཉུང་དུ་བཏང་བ་དང་ཉུང་དུ་གཏོང་ཚད་92.14%ཟིན་པ་དང་། དེ་སྔའི་དྲ་ཐོག་གི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་263ནས་ད་ལྟའི་34བར་ཉུང་དུ་བཏང་བ་དང་ཉུང་དུ་གཏོང་ཚད་87.07%ཟིན་ནས“ཁེ་གཉེར་ནས་ཁེ་གཉེར་མིན་པར་བསྒྱུར་བ”དང“ཐོ་འགོད་སྙན་སེང་ནས་ཞིབ་མཆན་ལམ་ལུགས་ལ་བསྒྱུར་བའི”ལས་དོན་ལེགས་གྲུབ་ཐུབ་ཚད་100%ཟིན་ཡོད། སྔོན་དཔག་རིན་བསྡུའི་ལྟ་འདོམས་རྩ་བའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ནས་ལྟ་འདོམས་དངུལ་འབོར་སྒོར་དུང་ཕྱུར་130ལྷག་ཙམ་ཟིན་ཡོད། ཞིང་ཆེན་ཚང་མས་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་གི་ཚད་གཞི་བཏོན་ནས་གྲོན་བསྡུའི་ཚད་གཞི་མ་བཏོན་གོང་དང་བསྡུར་ན་ཆ་སྙོམས་བཅུ་ཆ་བཞི་ཡན་ཆག་ཡོད། ཁྲོམ་འགྲེམས་ཀུང་སི་25ཚང་མར་གཙང་བཤེར་བཅོས་སྒྲིག་ལེགས་གྲུབ་ཟིན་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་རིག་ཚན་རིགས་ཀྱི་གསོ་སྦྱོང་ལ་ཞུགས་ཀྱི་མེད་པ་རེད།
   དགུན་ཁའི་གུང་གསེང་རིང་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེ་བའི་རིག་ཚན་མིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་རྐང་བཙུགས་ནས་རིན་གོང་སྤོར་བ་དང་དུས་བསྣར་གྲོན་བསྡུ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སློབ་གསོ་པུས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་གྲོན་བསྡུའི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད། ཟླ་2ཚེས་15ཉིན་བར་ས་གནས་ཁག་གིས་རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིར་གྲལ་བཤེར་ཐེངས་ཁྲི་18.48བྱས་པར་རྐང་བཙུགས་ནས་རིན་གོང་སྤོར་མཁན་སྒྲིག་གཞི་52ཤེས་རྟོགས་བྱུང་སྟེ་འབྲེལ་ཡོད་སྒྲིག་འགལ་གྱི་གནད་དོན་དག་ཐེར་ཟིན་པ་དང་འབྲེལ་ཡོད་སྒྲིག་གཞིར་ཐག་གཅོད་ནན་པོ་བྱས་ནས་རྐང་བཙུགས་ནས་སྤར་བའི་གསོ་སྦྱོང་གྲོན་དངུལ་ཚང་མ་ཁྱིམ་བདག་ལ་སློག་པ་རེད།