འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བ།
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་བོད་རིགས་མང་ཚོགས་ཀྱིས་གླུ་གར་འཁྲབ་སྟོན་བྱས་ནས་བོད་ཀྱི་ལོ་སར་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། དེ་ཉིན་ནི་བོད་ཆུའི་སྟག་ལོའི་ལོ་སར་ཚེས་གཅིག་ཉིན་ཡིན་ཞིང་། ཡུལ་ཤུལ་གྲོང་ཁྱེར་གྱི་བོད་རིགས་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་སྤྲོའི་ངང་བོད་རིགས་ཀྱི་ཞབས་བྲོ་འཁྲབ་ནས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། མང་ཚོགས་ཁག་གཅིག་ནི་མ་ཎའི་རྡོ་འབུམ་ལ་བསྐོར་བ་བྱས་ནས་ལོ་སར་པའི་འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བ་དང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས་པ་རེད། 
【1】  【2】  【3】
༄༅།།ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བ།