འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།2022ལོའི་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་འཚོག་འགོ་ཚུགས་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།2022ལོའི་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་འཚོག་འགོ་ཚུགས་རྒྱུ་རེད།
     མི་དམངས་དྲ་བ་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་3ཉིན་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས།
ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་ཟླ་3ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་མི་དམངས་ཚོགས་ཁང་ཆེན་མོར་འཚོག་རྒྱུ་དང་། ཟླ་3ཚེས་10ཉིན་གྱི་སྔ་དྲོར་གྲོལ་རྒྱུ་དང་ཚོགས་ཡུན་ཉིན་6ཡིན།
     ཚོགས་ཆེན་རིང་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུ། ཚོགས་ཆེན་ཐེངས་གཉིས་ཀྱི་གཏམ་བཤད་བཀོད་སྒྲིག ཚོ་ཆུང་གི་གྲོས་ཚོགས་ཐེངས་5བཀོད་སྒྲིག་བྱ་རྒྱུ་རེད། འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཟུར་ཉན་དུ་གདན་ཞུ་བྱ་རྒྱུ་རེད། 
     ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་གསན་པ་དང་གྲོས་བསྡུར་གནང་བ། རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་དང་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྒྱུ་རེད།