འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་15ཉིན།

༄༅།།དོམ་ཁྲའི་རྩ་ཆེའི་ལྕགས་རིགས་དྲན་རྟེན་དངུལ་སྒོར་དགྲམ་སྤེལ་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་15ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དོམ་ཁྲའི་རྩ་ཆེའི་ལྕགས་རིགས་དྲན་རྟེན་དངུལ་སྒོར་དགྲམ་སྤེལ་བྱ་རྒྱུ་རེད།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བར་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མི་དམངས་དངུལ་ཁང་གིས་ཟླ་10ཚེས་20ཉིན་2022ལོའི་དོམ་ཁྲའི་རྩ་ཆེའི་ལྕགས་རིགས་ཀྱི་དྲན་རྟེན་སྒོར་མོ་ཆ་ཚང་14དགྲམ་རྒྱུའི་གཏན་འཁེལ་བྱས་པ་དེའི་ནང་དོམ་ཁྲའི་སྤྱིར་བཏང་གི་རྩ་ཆེའི་ལྕགས་རིགས་དྲན་རྟེན་སྒོར་མོ་8དང་དོམ་ཁྲའི་ཞིབ་བཟོས་གསེར་དངུལ་དྲན་རྟེན་སྒོར་མོ་6ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དངུལ་ལོར་ཡིན་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། རྩ་ཆེའི་ལྕགས་རིགས་ཀྱི་དྲན་རྟེན་སྒོར་མོ་ཆ་ཚང་དེའི་དྲང་ཕྱོགས་ཀྱི་རི་མོ་ཚང་མ་པེ་ཅིང་ཐེན་ཐན་ཆི་ཉན་ཕོ་བྲང་ཡིན་པ་མ་ཟད། ད་དུང་རྒྱལ་མིང་དང་ལོ་རྟགས་ཀྱང་བཀོད་ཡོད། རྒྱབ་ངོས་ཀྱི་རི་མོ་ནི་དོམ་ཁྲའི་གངས་ཤུད་རྣམ་པ་ཡིན་པ་དང“དོམ་ཁྲའི་གསེར་སྒོར་འགྲེམས་སྤེལ་བྱས་ནས་ལོ་40འཁོར་བའི་མཚོན་རྟགས”ཀྱི་གཞི་རྒྱུ་ཡིན་པ་མ་ཟད། དངུལ་གྲངས་དང་། ལྗིད་ཚད། ཚོན་མདོག་བཅས་ཀྱང་བྲིས་ཡོད་པ་རེད། 
     དྲན་རྟེན་སྒོར་མོ་འགྲེམས་སྤེལ་བྱེད་གྲངས་ཐད། ཁེ་30ཡི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་1000000ཟིན་པ་དང་། ཁེ་15ཡི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་250000ཟིན་པ། ཁེ་8ཀྱི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་250000ཟིན་པ། ཁེ་3གྱི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་500000ཟིན་པ། ཁེ་1གི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་500000ཟིན་པ། ཁེ་30ཡི་སྒོར་དབྱིབས་དངུལ་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་1000000ཟིན་པ། ཁེ་30ཡི་སྒོར་དབྱིབས་ཕེད་རྫས་ཀྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་10000ཟིན་པ། ཁེ་1གི་སྒོར་དབྱིབས་ཕེད་རྫས་ཀྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་100000ཟིན་པ། སྤྱི་རྒྱ་1གི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་1000ཟིན་པ། ཁེ་150ཡི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་10000ཟིན་པ། ཁེ་100ཡི་སྒོར་དབྱིབས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་ནི་20000ཟིན་པ། ཁེ་50ཡི་སྒོར་དབྱིངས་གསེར་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་3000ཟིན་པ། སྤྱི་རྒྱ་1གི་སྒོར་དབྱིབས་དངུལ་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས20000ཟིན་པ། ཁེ་150ཡི་སྒོར་དབྱིབས་དངུལ་གྱི་དྲན་རྟེན་སྒོར་མོ་འགྲེམས་གྲངས་མང་ཤོས་60000ཟིན་པ།
【1】  【2】  【3】  【4】  【5】  【6】  【7】  【8】  【9】
༄༅།།དོམ་ཁྲའི་རྩ་ཆེའི་ལྕགས་རིགས་དྲན་རྟེན་དངུལ་སྒོར་དགྲམ་སྤེལ་བྱ་རྒྱུ་རེད།
༄༅།།དོམ་ཁྲའི་རྩ་ཆེའི་ལྕགས་རིགས་དྲན་རྟེན་དངུལ་སྒོར་དགྲམ་སྤེལ་བྱ་རྒྱུ་རེད།