འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་4ཉིན།

༄༅།།ཕོ་བྲང་པོ་ཏ་ལའི་བརྡ་ཁྱབ་གསར་ཤོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་04ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་སྤྱི་སྟེགས་ནས་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་3ཉིན་ནས་ཕོ་བྲང་པོ་ཏ་ལའི་ལྷོ་སྒོ(སྒོ་ཆེན)གནས་སྐབས་སྒོ་རྒྱག་རྒྱུ་དང་། ཕོ་བྲང་པོ་ཏ་ལར་ཡུལ་སྐོར་ཕེབས་མཁན་ཚོ་ཕོ་བྲང་པོ་ཏ་ལའི་ཤར་སྒོ་ནས་ཕེབས་དགོས་ཀྱི་འདུག 
   ཞིབ་ཕྲའི་བརྡ་ཁྱབ་གཤམ་གསལ། 
   བརྡ་ཁྱབ། 
   གུས་པར་འོས་པའི་རྒྱ་ཆེའི་ཡུལ་སྐོར་བ་ལྷན་རྒྱས། 
   ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡས་ཁྲིམས་བསྟར་ཅུད་ཀྱིས“ཕོ་བྲང་པོ་ཏ་ལའི་ཐང་ཆེན་བྱང་ངོས་ཀྱི་རྡོ་གཅལ་བསྒྱུར་བཀོད་ཨར་ལས་བདེ་བླག་ངང་བྱ་ཆེད”ཟླ་3ཚེས་3ཉིན་ནས་གནས་སྐབས་རིང་ཕོ་བྲང་པོ་ཏ་ལའི་ལྷོ་སྒོ(སྒོ་ཆེན)རྒྱག་རྒྱུ་ཡིན་པས། ཕོ་བྲང་པོ་ཏ་ལར་ཕེབས་མཁན་ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལའི་ཤར་སྒོ་ནས་ཕེབས་དགོས། འདི་ལས་སྐུ་ཉིད་ལ་རྙོག་དྲ་བཟོས་ཡོད་ན་དགོངས་འཇགས་ཞུ་རྒྱུ་དང་སྦྲགས་ཕན་ཚུན་ལན་བརྡ་སྤྲོད་རྒྱུར་ཐུགས་རྗེ་ཆེ་ཞུ།