འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་3ཉིན།

༄༅།།“ང་ཚོ་སློབ་གྲྭ་གསར་པར་སྤོས་པ་ཡིན”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། དབན་ཡུས།    
    སློབ་དུས་གསར་པ་འགོ་ཚུགས་པས་ལོ་རིམ་ལྔ་པ་འགྲིམ་བཞིན་པའི་པོ་ཚི་ཝ་ནའི་སློབ་ཕྲུག་བུ་མོ་མུའུ་ཐིར་སློབ་སྦྱོང་བྱེད་སེམས་ཆེན་པོ་ཡོད་ཅིང་། ཁོ་མོས“ང་ཚོ་སློབ་གྲྭ་གསར་པར་སྤོས་པས་སྒྲོག་ཙེ་རྐུབ་བཀྱག་གསར་པ་སྤྱོད་རྒྱུ་བྱུང”ཞེས་བཤད།
   པོ་ཚི་ཝ་ནའི་རྒྱལ་ས་ཀ་པོ་རོ་ནེའི་ཁུའི་ནེན་ཆུས་ཀྱི་མོའོ་ཕ་ཉི་སློབ་ཆུང་ཉེ་ཆར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད། “སློབ་གྲྭ་གསར་པའི་སྒྲིག་བཀོད་ཚང་མ་དེ་སྔོན་གྱི་སློབ་གྲྭར་མེད་པ་ཤ་སྟག་རེད། འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་སློབ་གྲྭ་རེད”ཅེས་མོའོ་ཕ་ཉི་སློབ་ཆུང་གི་སློབ་སྤྱི་མཱ་ལ་ཐ་ཡིས་བཤད།
   མོའོ་ཕ་ཉི་སློབ་ཆུང་ནི་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པ་ཞིག་ཡིན་པ་དང་། 2018ལོའི་ཟླ་དྲུག་པར་ལས་འགོ་ཚུགས་པ་དང་། 2020ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་འདི་ལོའི་ཟླ་དང་པོར་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས་ཡོད། སློབ་གྲྭ་གསར་པའི་ནང་གཞུང་ལས་ཐོག་བརྩེགས་ཁང་ཆེན་དང་། རྩིས་འཁོར་ཁང་། ཚོད་ལྟ་ཁང་། དཔེ་མཛོད་ཁང་། རྐང་རྩེད་སྤོ་ལོའི་ཐང་། ལན་ཆིའུ་སྤོ་ལོའི་ཐང་། དེ་བཞིན་ཟ་ཁང་དང་དགེ་རྒན་གྱི་ཉལ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ཡོད། སློབ་གྲྭའི་ས་ཁྱོན་སྨི་ངོས་གྲུ་ཁྲི་4ལྷག་ཙམ་ཟིན་པ་དང་། སྐྲུན་དངོས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་7000ལྷག་ཙམ་ཟིན་པ། སྔོན་དཔག་ལྟར་ན་སློབ་ཕྲུག་880ཙམ་ཤོང་གི་ཡོད། མིག་སྔར་ས་གནས་དེ་གའི་སློབ་མ་600ལྷག་ཙམ་འདི་གར་སློབ་གྲྭ་འགྲིམ་བཞིན་ཡོད།
   མཱ་ལ་ཐ་ཡིས“ང་ཚོའི་སློབ་ཁུངས་གཙོ་བོ་ནི་སའེ་ལཱ་མོང་སློབ་ཆུང་དང་ཐའོ་མན་ཐེ་སློབ་ཆུང་ནས་ཡིན། སློབ་གྲྭ་དེ་གཉིས་ཀྱི་སློབ་མ་མང་ལ་སློབ་ཕྲུག་གི་གྲངས་ཚད་ཤུགས་ཆེན་བརྒལ་ཡོད། སློབ་མ་ཁག་གཅིག་ལ་ཐ་ན་སྒྲོག་ཙེ་རྐུབ་བཀྱག་ཀྱང་མེད་པས་ས་ལ་སྡོད་རྒྱུ་ལས་ཐབས་གཞན་མེད། ལོ་མང་ཉམས་གསོ་མ་ཐུབ་པས་སློབ་མའི་ཉལ་ཁང་ཁག་གཅིག་ཉེན་ཡོད་ཁང་པར་གྱུར་ཡོད། གྲོགས་པོ་ཀྲུང་གོ་བའི་རོགས་རམ་འོག་སློབ་གྲྭ་འདི་བསྐྲུན་ཐུབ་པས། སློབ་ཕྲུག་ཚོས་ཀྱང་འདི་གའི་སློབ་གྲྭར་ཡོང་འདོད་བྱེད”ཅེས་བཤད།
   རྣམ་གྲངས་སྐྲུན་མཁན་ལུང་ཤིན་འཛུགས་སྐྲུན་ཚོགས་པའི་འགན་འཁུར་བ་ཏའེ་ལི་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་བཅུ་པར་ལས་གྲྭ་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཨར་འདམ་སོགས་ཀྱི་རྒྱུ་ཆ་དཀོན་པའི་གནད་དོན་འཕྲད་སྐབས་པོ་ཚི་ཝ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱབ་སྐྱོར་འོག་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱུང་བ་རེད།