མི་དམངས་དྲ་བ།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་དང་ཡུལ་མི་ཚོའི་དབུལ་སྒྲོལ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་25ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ་དང་ཝང་ཧན་ཁྲའོ་ཡིས།
   ■ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཡུལ་མི་ཚོའི་དབུལ་སྒྲོལ་གཏམ་རྒྱུད་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དང་། ཀྲུང་གོ་མི་དམངས་ཀྱི་གཏམ་རྒྱུད། ཀྲུང་གོའི་གཏམ་རྒྱུད་བཅས་རེད།
   ■ ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་པའི་བཀའ་མོལ་གྱིས་མི་རྣམས་ཀྱི་ངར་ཤུགས་ཇེ་ཆེར་འཕེལ། ཁོང་གིས་ཞིང་ཆེན་གྱི་བློ་མཐུན་ཚོར“ང་ཚོ་ཏང་ཡོན་དང་ལས་བྱེད་པ་ཚང་མར་ཁྱིམ་དུད་གཅིག་དང་ཐ་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་པར་ལུས་ཡོད་ན་ང་ཚོ་རང་དགར་སྡོད་མི་རུང་བའི་འདུ་ཤེས་ཤིག་ཡོད་དགོས”ཞེས་གསུངས།
   འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ངོ་མཚར་གཏམ་རྒྱུད་ཅིག
   གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ལོ་8ཀྱི་རྗེས་སུ་ཚང་མ་དབུལ་སྒྲོལ་ཐུབ་ཡོད།
   འཛམ་གླིང་གི་མི་འབོར་གྱི་1/5ཙམ་བཟུང་བའི་རྒྱལ་ཁབ་ཆེན་པོ་དེ་དབུལ་པོ་དབུལ་རྐྱང་གི་གནས་ལས་རྦད་དེ་བསྒྲལ་བ་ནི་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད། དོན་ཆེན་དེ་སྤྱིར་བཏང་གཏན་ནས་མིན་པའི་2020ལོར་ཀྲུང་གོར་ཐོན་ཡོད།
   བརྗིད་ཉམས་ཆེ་བའི་རྒྱལ་ཁབ་དེར་རྒྱལ་སྲིད་སྐྱོང་ལུགས་སྣེ་མང་རྙོག་འཛིང་ཆེ་ཞིང་། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གང་ཞིག་ཡིན་རུང་། ཚང་མའི་ཁྲོད་ནས་ཏང་གི་ཐོག་མའི་བསམ་འདུན་དང་རྒྱལ་ཁབ་ཀྱི་དྲོ་སྐྱིད་མཚོན། རི་གཤམ་ནས་ཞིང་ཆེན་དང་གྲོང་ཁྱེར་དུ་ཐད་ཀར་སྐྱོད་པའི་ལམ་བུ་དང་། སོ་ཕག་སྡོད་ཁང་ནས་སྤོས་པའི་སྡོད་ཁང་གསར་པ། ཁྱིམ་གྱི་སྒོ་རྩར་སློབ་སྦྱོང་བྱེད་པར་འགྲོ་ས་ཡོད་པའི་སློབ་ཁང་སོགས་འགྱུར་ལྡོག་ཆུང་ངུའི་ཁྲོད་ནས་མི་རྣམས་ཀྱིས་ཀྲུང་གོ་ཤེས་རྟོགས་ཐུབ།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཡུལ་མི་ཚོའི་དབུལ་སྒྲོལ་གཏམ་རྒྱུད་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དང་། ཀྲུང་གོ་མི་དམངས་ཀྱི་གཏམ་རྒྱུད། ཀྲུང་གོའི་གཏམ་རྒྱུད་བཅས་རེད།
   2015ལོའི་ཟླ་10ཚེས་16ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལྷན་དུ་འཛོམས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
   སྤྱི་ཁྱབ་ཧྲུའུ་ཅིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་འདས་ཟིན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གནང་ཞིང་། “ལོ་ངོ་40ལྷག་ཙམ་རིང་ངས་སྔ་རྗེས་སུ་ཀྲུང་གོའི་རྫོང་དང་། གྲོང་ཁྱེར། ཞིང་ཆེན། ཀྲུང་དབྱང་བཅས་སུ་ལས་ཀ་བྱས་པ་ཡིན། དབུལ་སྐྱོར་ལས་དོན་ནི་ངའི་ལས་ཀའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། དེའི་ཐད་ངས་དཀའ་ལས་མང་ཤོས་བརྒྱབ་ཡོད”ཅེས་ཚོར་སྣང་ཟབ་མོས་གསུངས་པ་རེད།
   ཁོང་ནི་ལོ་མང་རིང་ཐག་རིང་གི་གྲོང་གསེབ་ཏུ་ཡང་ཡང་ཕེབས་མཁན་དང་མང་ཚོགས་དབུལ་པོའི་སར་ཡང་ཡང་ཕེབས་མཁན་གྱི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་རེད། ཉིན་སྔོན་མར་སྤྱི་ཁྱབ་ཧྲུའུ་ཅི་ཕྱི་འབྲེལ་གྱི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ནང་ཞུགས་པ་དང་འགག་རྩའི་དུས་སུ་རྒྱལ་སྤྱིའི་སྣེ་ཁྲིད་དེ་གྲོས་འགོ་བཏོན་གནང་བ་དང་། ཉིན་གཉིས་པར་རླངས་འཁོར་ལ་བཞུགས་ནས་བྲེལ་འཚུབ་ཀྱིས་གྲོང་ཚོ་དབུལ་པོར་ཕེབས་པ་ནི་གྲངས་ལས་འདས།
   ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅིས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ལ་ཕེབས་པ་སྟེ།
   ལིའུ་ཧྥན་ཧྲན་རི་ཁུལ་དང་། ཆིན་པ་ཧྲན་རི་ཁུལ། ཝུའུ་ལིང་ཧྲན་རི་ཁུལ། ཝུའུ་མོང་ཧྲན་རི་ཁུལ། ཡུན་ནན་དང་། ཀོང་ཤིས། ཀུའེ་ཀྲོའུ་བཅས་ཀྱི་བྱེ་རྡོ་ཅན་གྱི་ས་ཁུལ། ཡུན་ནན་ནུབ་ཁུལ་གྱི་མཐའ་མཚམས་རི་ཁུལ། ཏ་ཤིང་ཨན་ལིང་གི་ལྷོ་རྒྱུད་རི་ཁུལ། གཡན་ཧྲན་དང་ཐའེ་ཧང་ཧྲན་རི་ཁུལ། ལུའེ་ལེའང་རི་ཁུལ། ཏ་པེ་ཧྲན་རི་ཁུལ། ལུའོ་ཤའོ་ཧྲན་རི་ཁུལ་སོགས་ས་ཁོངས་ཀྱི་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དམིགས་བསལ་གྱི་སྲིད་ཇུས་ཁ་གསལ་ལག་བསྟར་བྱས་པའི་བོད་ལྗོངས་དང་། ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་། ཤིན་ཅང་གི་ཤིན་ཅང་ལྷོ་རྒྱུད་ཀྱི་ཀྲོའུ་གཅིག་དང་ས་ཁུལ་གཉིས་ལ་སོགས་སོ།
   དབུལ་སྒྲོལ་གྱི་འཐབ་ཕྱོགས་དང་པོར་ཕེབས་ནས་དབུལ་སྒྲོལ་འབྱུང་ཐབས་གནང་བ་ནི་ལོ་མང་རིང་བློ་མཐུན་ཞི་ཅིན་ཕིང་གིས་མཐའ་འཁྱོངས་གནང་བའི་ལས་དོན་སྤེལ་སྟངས་ཤིག་རེད། ཁོང་ཧྥུའུ་ཅན་ཉིང་ཏེ་རུ་ཕྱག་ལས་གནང་སྐབས་ཧྲོའུ་ཉིང་རྫོང་ཞ་ཏང་ཤང་ནི་ལམ་ཐག་རིང་ཤོས་དང་འགྲུལ་བཞུད་དཀའ་ཤོས་ཀྱི་ཤང་ཞིག་རེད། ཁོང་ནི་ཡུལ་དེར་སྔོན་ལ་ཕེབས་མཁན་ས་ཨུད་ཀྱི་ཧྲུའུ་ཅི་དང་པོ་དེ་རེད།
   སྐབས་དེར་ས་གནས་དེ་གའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིས་གོ་གྲི་འཁྱེར་ནས་ལམ་བཤངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྨྱུག་དབྱུག་བསྣམས་ནས་རྩྭ་སེལ་བཞིན་མདུན་ཕྱོགས་སུ་ཕེབས་པའི་གནས་ཚུལ་ཡུལ་མི་ཚོའི་བློ་ངོར་ད་ལྟའང་ལྷང་ལྷང་དུ་འཆར། ཞ་ཏང་ཤང་གི་མི་རྣམས་ཀྱིས་ཧྲུའུ་ཅིས་ཇ་དྲེག་འཁོར་བའི་ཕོར་པའི་ནང་ཇ་མཆོད་ཀྱིན་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་བའི་སྐོར་ད་ལྟའང་ཡང་ཡང་གླེང་།
   དེ་སྔོན་ཉིང་ཏེ་ས་ཨུད་དུ་ལས་ཀ་བྱེད་མྱོང་བའི་བློ་མཐུན་ཚོས་ངེས་གསལ་ལ“ལོ་གཅིག་གི་དུས་ཚོད་ནང་ཁོང་གིས་གཞི་རིམ་དུ་ལོ་ཕྱེད་ཙམ་ཞུགས་ཏེ་དུད་ཚང་ཀུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང”
   ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་པོའི་གནས་ཚུལ་ཁོང་གི་ཐུགས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་བ་སྟེ། “ལོ་མང་རིང་ངས་དབུལ་སྐྱོར་གྱི་ལས་ཀ་བྱས་པ་ཡིན། དོན་དངོས་ཐོག་ངའང་ཁྱིམ་ཚང་དབུལ་པོ་ནས་ཡིན”གྲོང་ཚོ་ནས་རྫོང་དང་། གྲོང་ཁྱེར། ཞིང་ཆེན། ཀྲུང་དབྱང་བཅས་བར་ལ་ཕེབས་རིང་བློ་མཐུན་ཞི་ཅིན་ཕིང་གིས་དབུལ་སྒྲོལ་ཐུབ་མེད་པའི་ཡུལ་མི་ཚོ་ཐུགས་གཏན་ནས་བརྗེད་མེད།
   དེ་སྔོན་ཧྲན་པེ་རུ་བཞུགས་སྐབས་ཁོང་ནི་ཡུལ་མི་ཚོའི་མིག་ནང་གི“དཀའ་སྤྱད་སྡུག་རུས་ཐུབ་པའི་རྗེས་རབས་པ”ཅིག་དང་། ཀྲེང་ཏིང་ནས་ཞལ་འགྱེས་ཏེ་ལོ་མང་སོང་ཡང་ཀྲེང་ཏིང་བས་ཁོང་ལ“ང་ཚོའི་ཧྲུའུ་ཅི་རྒན་གྲས”ཅེས་མཛའ་བརྩེའི་ངང་བརྗོད་པ། ཕུའུ་ཅན་དུ་ཕྱག་ལས་གནང་སྐབས་ཡུལ་དེའི་མི་ཚོས་ཁོང་ལ“མི་སེར་གྱི་ཧྲེང་ཀྲང”ཞེས་བརྗོད་པ། ཀྲེ་ཅང་དུ་ཕྱག་ལས་གནང་བར་ཕེབས་རྗེས་གྲོང་མི་ཚོས་ཁོང་ལ“ཏང་གིས་མངགས་གཏོང་བྱས་པའི་ལས་བྱེད་པ་བཟང་པོ”ཞེས་བརྗོད་ཀྱི་ཡོད།
   “ཁྱེད་ཀྱི་མཚན་ལ་གང་ཟེར་རམ”ཞེས་2013ལོའི་ཟླ་11པར་ཧུའུ་ནན་ཧྲེ་པ་ཏུང་གྲོང་ཚོའི་བགྲེས་སོང་ཧྲེ་ཧྥ་ཀྲོན་གྱིས་ཞུས་པར།
   ཁོང་གིས“ང་ནི་མི་དམངས་ཀྱི་ཞབས་འདེགས་པ་ཞིག”ཡིན་ཞེས་གསུངས།
   “མི་དམངས་མང་ཚོགས་ཁྲོད་དུ་རྩ་བ་ཚུགས་ནས་ལས་ལ་གཞོལ་ན་དངོས་གནས་བློ་བདེ་པོ་འདུག་ལ་སྟོབས་ཤུགས་ཀྱང་འཕེལ་གྱི་འདུག”ལོ་དེ་དག་ནང་མི་དམངས་མང་ཚོགས་ཀྱི་ལྟོ་གོས་ཀྱི་གནད་དོན་ནི་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་ཆེ་ཤོས་གནང་བ་ཞིག་ཡིན་པ་སྟེ། “ཁོང་ཚོའི་འཚོ་བར་དཀའ་ངལ་འཕྲད་སྐབས་ང་སེམས་ཁྲལ་ཡོང་གི་འདུག ཁོང་ཚོའི་འཚོ་བ་ཡག་ཏུ་འགྲོ་སྐབས་ང་རང་ལ་དགའ་སྤྲོ་དཔག་མེད་སྐྱེ་གི་འདུག”
   2012ལོའི་ལོ་མཇུག་གི་གསུང་བཤད་ཆ་ཚང་ཉེ་ཆར་བཏོན་ཡོད། སྐབས་དེར་ཐུགས་ཁྲལ་གནང་ཚུལ་ཤོག་ཐོག་ཏུ་རེ་རེ་བཞིན་འཁོད། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེའི་ཧྥུའུ་ཕིང་རྫོང་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་པ་དེ་རེད།
   སྐབས་དེར་དབུལ་སྒྲོལ་འགག་སྒྲོལ་བྱེད་འགོ་ཚུགས་པ་ནས་ད་བར་དུ་ཡུད་ཙམ་ལ་ལོ་བརྒྱད་ཏག་ཏག་སོང་ཞིང་། ཀྲུང་གོའི་དབུལ་ཞིང་ཕོངས་པའི་ས་ཁུལ་དེར་ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། མི་འབོར་དབུལ་པོ་དུང་ཕྱུར་1ཙམ་གྱི་དབུལ་ཞྭ་ཕུད་རྗེས། ཀྲུང་ཧྭ་མི་རིགས་ལ་ལོ་སྟོང་ཕྲག་འགའ་ཞིག་རིང་དཀའ་ངལ་བཟོ་མཁན་དབུལ་པོ་དབུལ་རྐྱང་གི་གནད་དོན་ཡང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།
   ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་པའི་བཀའ་མོལ་གྱིས་མི་རྣམས་ཀྱི་ངར་ཤུགས་ཇེ་ཆེར་འཕེལ། ཁོང་གིས་ཞིང་ཆེན་གྱི་བློ་མཐུན་ཚོར“ང་ཚོ་ཏང་ཡོན་དང་ལས་བྱེད་པ་ཚང་མར་ཁྱིམ་དུད་གཅིག་དང་ཐ་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་པར་ལུས་ཡོད་ན་ང་ཚོ་རང་དགར་སྡོད་མི་རུང་བའི་འདུ་ཤེས་ཤིག་ཡོད་དགོས”ཞེས་གསུངས།
   དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན། ལོ་བརྒྱའི་གོང་དྲག་ཆར་རླུང་འཚུབ་ཀྱི་མུན་ནག་ཁྲོད་དུ་དབུ་བརྙེས་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མ་ཉིད་ནས་མི་སེར་གྱི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་བློ་ཐག་གཙང་མར་བཅད། གུང་ཁྲན་ཏང་གིས་བཤད་པ་ནི་ཁ་བཤད་ལག་བསྟར་ཐུབ་པ་ཞིག་ཡིན། འབྱོར་འབྲིང་སྤྱི་ཚོགས་ནི་མི་རབས་དུ་མས་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞག་མཛུབ་རྩིས་ཡང་ཡང་བསྐྱོན་ཞིང་། འབྱོར་འབྲིང་དུ་སྐྱོད་པའི་ལྡོག་རྩིས་ཆུ་ཚོད་འཁོར་ལོའང་སྐར་ཆ་གཅིག་ཀྱང་མི་སྡོད་པར་ཚག་ཚག་གི་སྒྲ་དང་འགྲོགས་ནས་འཁོར།

  
style="display:none;"