འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་11ཉིན།

༄༅༎གནའ་རབས་ཀྱི་སྤོས་བཟོ་རྩལ་ལས་བདེ་སྐྱིད་ཀྱི་དྲི་ཞིམ་འཐུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་11ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་8ཚེས་2ཉིན། བོད་རིགས་བུ་མོ་ཞིག་དང་ཁོང་གི་རོགས་པ་ཚོས་བཟོས་མ་ཐག་པའི་སྤོས་སྤར་ནས་མཉམ་དུ་དྲི་ཞིམ་ལ་རོལ་བ།
ཟླ་8ཚེས་2ཉིན། བོད་རིགས་བུ་མོ་ཞིག་དང་ཁོང་གི་རོགས་པ་ཚོས་བཟོས་མ་ཐག་པའི་སྤོས་སྤར་ནས་མཉམ་དུ་དྲི་ཞིམ་ལ་རོལ་བ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཟླ་8ཚེས་2ཉིན། ལོ་20ལ་སླེབས་པའི་བོད་རིགས་བུ་མོ་སྨན་མོ་དང་རོགས་པ་གཉིས་ཀྱིས་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་གྲོང་རྡལ་གྱི་སྤོས་བཟོ་ཁང་དུ་ཁོང་ཚོས་གསར་དུ་བཟོས་པའི་སྤོས་ཤིག་ཚོད་ལྟ་བྱས་པས་དེ་ནས་ཐུན་མོང་མ་ཡིན་པའི་རྩྭ་རིགས་རྩི་ཤིང་གི་དྲི་ཞིམ་མྱུར་དུ་འཐུལ་ཡོང་།
     ད་ཆ། འཛམ་ཐང་གི་བར་མ་གྲོང་རྡལ་གྱི་རྩེ་ཆུའི་འགྲམ་དུ་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་མང་པོ་ཞིག་གསར་སྐྲུན་བྱས་ཡོད། བོད་ཀྱི་ཐང་ག་དང་། བོད་ལུགས་གསོ་རིག བོད་ཀྱི་གྱོན་ཆས། བོད་ཀྱི་རྡོ་བརྐོས། བོད་ཇ།  སྤོས་སོགས་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་དེ་དག་རྩྭ་ཐང་ནས་ཡོང་བའི་ཞིང་འབྲོག་པའི་བུ་ཕྲུག་གིས་རྒྱུན་འཛིན་བྱེད་བཞིན་ཡོད། འཛམ་ཐང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲིད་སྦྱོང་ཁང་དེ་དག་གིས་ཚང་མའི་སྣེ་འཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད།
     སྨན་མོ་ལས་རིགས་མཐོ་རིམ་སློབ་གྲྭ་ནས་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་སྤོས་བཟོ་མཁན་དང་འགྲེལ་བཤད་རྒྱག་མཁན་ཞིག་བྱས། “དུས་ཚིགས་འདི་ནི་ཆེས་མཛེས་ཤོས་ཡིན་ལ། མཐའ་འཁོར་གྱི་རི་སྟེང་ནས་ཐུན་མོང་མ་ཡིན་པའི་དྲི་ཞིམ་ལྡན་པ་དང་སྨན་སྤྱོད་རིན་ཐང་ལྡན་པའི་རྩི་ཤིང་མང་པོ་རྙེད་ཐུབ་པ་དང་། སྤོས་བཟོ་དུས་དེ་དག་ལ་བརྟེན་དགོས”ཞེས་བརྗོད། གནའ་རབས་ཀྱི་སྤོས་བཟོ་སྟངས་སློབ་སྦྱོང་བྱས་པ་བརྒྱུད། སྨན་མོས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་བཞིན་ཡོད་པ་མ་ཟད། ད་དུང་དངུལ་རག་ནས་ཁྱིམ་སྤྱོད་ཁ་གསབ་ཀྱང་བྱེད་ཀྱི་ཡོད། གནའ་རབས་དུས་འཁོར་སྤོས་ལ་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས། རྩྭ་སྨན་བརྒྱ་ལྷག་ཙམ་སྡེབ་སྦྱོར་བྱེད་དགོས། ད་བར་བཟོ་མཁན་གྱིས་མ་བཅོས་རྒྱུ་ཆ་འཐུ་བ་དང་། ཞིབ་འཐག་རྒྱག་པ། སྡེབ་སྦྱོར་བྱེད་པ། དཀྲུག་པ། གཟུགས་སུ་གྲུབ་པ་བཅས་ནས་སྐམ་བཟོ་དང་། གསོག་ཉར། ཐུམ་སྒྲིལ་བར་ཚང་མ་སྔར་བཞིན་གནའ་རབས་ཀྱི་ལག་རྩལ་བརྩི་སྲུང་བྱེད་བཞིན་ཡོད། 2008ལོར་གནའ་རབས་ཀྱི་སྤོས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་པ་རེད། ལོ་བཅུའི་སྔོན་དུ་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག དུས་འཁོར་སྤོས་རྒྱུན་འཛིན་པས་དུས་འཁོར་སྤོས་ཁྲིད་སྦྱོང་ཁང་དེ་བཙུགས་ནས་ལག་རྩལ་རིན་མེད་ངང་ཉེ་འཁོར་གྱི་གྲོང་མིར་བརྒྱུད་སྤྲོད་བྱས་ཡོད་པ་རེད། ད་བར་མི་200ལྷག་ཙམ་གྱིས་སྤོས་ཀྱི་རིགས་པའི་གཞུང་ལུགས་དང་བཟོ་རྩལ་གསོ་སྦྱོང་དང་ལེན་བྱས་ཡོད། མི་བཅུ་ཕྲག་ཁ་ཤས་སྤོས་བཟོ་རྩལ་བྱང་ཆུབ་པ་བྱུང་བས། གནའ་རབས་སྤོས་ལ་རྒྱུན་འཛིན་པ་ཡོད་པ་རེད། ཁྲིད་སྦྱོང་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་བའི་ཞིང་འབྲོག་པའི་བུ་ཕྲུག་མང་པོ་ཞིག་གི་ཁྱིམ་ཚང་དབུལ་པོ་ཡིན་པ་དང་། ད་ཆ་ཁོང་ཚོར་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཡོད་པ་དང་གནའ་རབས་བཟོ་རྩལ་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་བརྟན་པོའི་ངང་དབུལ་སྒྲོལ་བྱུང་ཡོད། སྨན་མོས་ཁོ་མོས་སྤོས་ལས་བདེ་སྐྱིད་ཀྱི་དྲི་ཞིམ་འཐུལ་གྱི་འདུག་ཅེས་བརྗོད། 
     ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་རིག་གནས་ལ་བརྟེན་ནས་མང་ཚོགས་རང་རྟོགས་ངང་དབུལ་སྒྲོལ་ཐུབ་པ་དང་རང་འགུལ་ངང་ཕྱུག་པོ་ཆགས་པའི་གདེང་ཚོད་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། རིག་གནས་ཐོན་ལས་རིམ་བཞིན་རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་པའི་ཐོན་ལས་གསར་པ་ཞིག་ཏུ་སྐྱེད་སྲིང་བྱས་པ་རེད། ད་ལྟ། སྤོས་དང་། ལྷ་མོ། བོད་སྨན། ཐང་ག རྡོ་བརྐོས། རྫ་ཆས་སྒྱུ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་47བསྐྲུན་པ་དང་ཁྲིད་སྦྱོང་ཁང་བཙུགས་པ་དེས་ས་གནས་དེ་གའི་དམངས་ཁྲོད་ལག་རྩལ་གྱི་རྒྱུན་འཛིན་པ་འབོར་ཆེན་ཞིག་གི་ཡིད་ཆེས་སླར་གསོ་བྱུང་བ་དང་ལག་རྩལ་བསྐྱར་དུ་འཛིན་ཡོད་པ་མ་ཟད། ན་གཞོན་མི་ཉུང་བ་ཞིག་དེའི་ནང་ཞུགས་པ་དང་དེར་སེམས་ཤུགས་འདོན་པའི་ཡིད་དབང་བཀུག་ཡོད། བྱེད་མཚམས་བཞག་པ་དང་བརྗེད་ལ་ཉེ་བའི་དམངས་ཁྲོད་ལག་རྩལ་དེ་དག་སླར་ཡང་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་ཕྱིར་ལོག་བྱས་ཡོད་པ་རེད།
     དེ་རིང་གི་འཛམ་ཐང་རྫོང་དུ་ཞིང་འབྲོག་མང་ཚོགས་3000ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་བཞིན་ཡོད། དམངས་ཁྲོད་ཀྱི་ལག་རྩལ་སློབ་སྦྱོང་དང་། རིག་གནས་ཐོན་རྫས་གསར་བཟོ། འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། མི་རེར་ཟླ་རེར་ཆ་སྙོམས་འབབ་འཕར་སྒོར་300ཡན་བྱུང་བས། 2019ལོའི་ཟླ་9པའི་བར་མི་འབོར་དབུལ་པོ་1600ལྷག་ཙམ་མེད་པ་བཟོས་པ་རེད།
【1】  【2】  【3】  【4】
སྤོས་རྐང་རེ་རེ་ཚང་མ་ལག་པས་ནོར་རྭ་གནོན་ནས་བཟོས་པ་ཞིག་རེད།
སྤོས་རྐང་རེ་རེ་ཚང་མ་ལག་པས་ནོར་རྭ་གནོན་ནས་བཟོས་པ་ཞིག་རེད།