འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་23ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མི་གཅིག་ཀྱང་མེད་པ།
མི་གཅིག་ཀྱང་མེད་པ།
     འདི་ནི་ཟླ་3ཚེས་16ཉིན་དབྱི་ཐ་ལིའི་རྒྱལ་ས་རོ་མར་པར་བླངས་པའི་ཝེ་ཉི་སི་ཐང་ཆེན་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་སྔར་བས་མཆེད་རྒྱུར་སྔོན་འགོག་བྱ་ཆེད། དབྱི་ཐ་ལི་ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་ཀྱི“གྲོང་རྒྱ་སྡོམ་པའི”རྣམ་པར་སླེབས་པ་དང་འབྲེལ། ཚེས་12ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་བཟའ་བཅའ་ཚོང་ཁང་དང་སྨན་རྫས་ཚོང་ཁང་ཕུད་པའི་ཚོང་ཁང་ཚང་མ་སྒོ་བརྒྱབ་མོད། འོན་ཀྱང་སྤྱི་པའི་འགྲིམ་འགྲུལ་དང་། ཟོག་འགྲེམས། སྦྲག་ཁང་། དངུལ་ཁང་། བཟའ་བཅའི་ཐོན་སྐྱེད་ལས་རིགས་བཅས་རྒྱུན་གཏན་ལྟར་ལས་གཉེར་དང་འཁོར་སྐྱོད་རྒྱུན་འཁྱོངས་བྱས་ནས་སྤྱི་དམངས་ཀྱི་གཞི་རྩའི་འཚོ་བའི་ཞབས་ཞུ་འགན་ལེན་བྱས་ཡོད། རྒྱལ་ས་རོ་མ་རུ་སྔོན་ཆད་མི་ཚོགས་ལང་ལོང་དུ་གཡོ་བའི་སྨོན་ལམ་རྫིང་བུ་དང་། ལྷ་ཚོགས་ལྷ་ཁང་། རི་དྭགས་འཐབ་ར། ཝེ་ཉི་སི་ཐང་ཆེན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་རུ་ཧ་ལམ་མི་གཅིག་ཀྱང་མེད་པར་གྱུར་འདུག 
【1】  【2】  【3】  【4】