འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་23ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཀྲུང་གོའི་རོགས་སྐྱོར།
ཀྲུང་གོའི་རོགས་སྐྱོར།
     ཟླ་3ཚེས་21ཉིན་སར་ཝེ་ཡའི་རྒྱལ་ས་པེར་ཀེ་རེ་ཏེར་བསུ་བར་ཕེབས་མཁན་སར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི(གཡོན)ཡིས་སར་ཝེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་ནད་འགོག་བཅོས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་དང“གྲུ་མོ་ཐུག”ནས་གུས་འདུད་ཞུས་པ་རེད། སར་ཝེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་ནད་སྔོན་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མི་6ཚེས་21ཉིན་གྱི་དགོང་མོར་ཆེད་གཏོང་གནམ་གྲུར་བསྡད་དེ་སར་ཝེ་ཡའི་རྒྱལ་ས་པེར་ཀེ་རེ་ཏེར་འབྱོར་བ་དང་། ཀྲུང་གོ་སྲིད་གཞུང་གིས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་ཟོག་ཁག་གཅིག་གནམ་གྲུ་དེ་དང་མཉམ་དུ་འབྱོར་བ་རེད། 
【1】  【2】  【3】  【4】
རྒྱལ་ཁོངས་སུ་འཛུལ་བར་ཚོད་འཛིན་བྱེད་པ།
ཟླ་3ཚེས་18ཉིན་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་རུ་འགྲུལ་སྐྱེལ་གནམ་གྲུ་ཞིག་ཞི་ཉི་གྲོང་ཁུལ་གྱི་མཁའ་དབྱིངས་སུ་འཕུར་བཞིན་པ། ཚེས་19ཉིན་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མོ་ལི་སེན་གྱིས་རྒྱལ་ཁབ་དེའི་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་གྱི་དགོང་མོའི་ཆུ་ཚོད་9པའི་ཐོག་ནས་བཟུང་། ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་དང་གྲོང་མི་མིན་པ་ཚང་མ་རྒྱལ་ནང་དུ་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། གཏན་འབེབས་ལྟར་ན། ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་དང་། གྲོང་མི། དེ་བཞིན་དེའི་ཐད་ཀའི་གཉེན་ཉེ་བཅས་རྒྱལ་ནང་དུ་ཡོང་ཆོག་མོད། འོན་ཀྱང་ཨོ་སི་ཁྲུ་ལི་ཡར་འབྱོར་རྗེས་གཏན་འབེབས་ལྟར་ཉིན་14རིང་རང་ཉིད་ལོགས་སྡོད་བྱེད་དགོས་པ་རེད།