འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་28ཉིན།

༄༅༎ཀན་ལྷོ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་བཱ་ཙེ་རྫོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཀན་ལྷོ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་བཱ་ཙེ་རྫོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་གཉེར་བ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན“ཚོན་མདོག་དགུ་ལྡན་གྱི་ཀན་ལྷོ་པེ་ཅིང་དུ་འཛོམས་ནས་རླབས་ཆེན་མེས་རྒྱལ་ལ་ལག་རྟགས་ཕུལ”ཞེས་པའི་བཱ་ཙེ་རྫོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད། བཱ་ཙེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཞའོ་ཏུང་གིས་ཤིས་ཚིག་སྒྲོན་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབྱང་ཡུང་ཧུང་གིས་ཡུལ་དངོས་སུ་འོས་སྦྱོར་བྱས་པ་དང་། རྫོང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མཱ་པིང་ཧུང་གིས་བྱེད་སྒོ་གཙོ་སྐྱོང་གནང་བ་རེད། ཀའོ་ཞའོ་ཏུང་གིས་ཤིས་ཚིག་སྒྲོན་སྐབས་བཱ་ཙེའི་གནའ་བོའི་མིང་ལ་ཐའོ་ཀྲོའུ་ཟེར་བ་དང་། ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་དུ་གནས་ཡོད། རྫོང་ཡོངས་ལ་ཤང་གྲོང་16དང་སྲིད་འཛིན་གྲོང་ཚོ་141ཡོད་ལ། སྤྱིའི་མི་འབོར་ཁྲི་16.12ཡོད་པ་དང་།  རྒྱ་རིགས་དང་། ཧུའེ་རིགས། བོད་རིགས་སོགས་མི་རིགས་15ཡོད་པས་གྲངས་ཉུང་མི་རིགས་ཀྱིས་37.02%བཟུང་ཡོད། གནའ་བོའི་བཱ་ཙེར་དུས་རབས་གསར་པའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་། རྫོང་ཡོངས་སུ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་ཅེས་བརྗོད་པ་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོའི་ཐོག་ཅང་ཧོའེ་ཡི་ཁྱད་ཆོས་ལྡན་པའི་འཚེམ་དྲུབ་ཐོན་རྫས་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཟངས་ཆས་སོགས་ལག་ཤེས་ཐོན་རྫས་དང་། དེ་བཞིན་རྫོང་དེ་ཡོངས་ཀྱི་སྦྲང་རྩི་དང་། པད་ཁའི་སྣུམ། ལྕ་བ་ལེབ་མོ་སོགས་ཡུལ་ཟོག་ཐོན་རྫས་འགྲེམས་སྟོན་བྱས་ལ་བྱེད་སྒོ་སྤེལ་རིང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པར་ཚོགས་ཞུགས་མི་སྣ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
【1】  【2】
༄༅༎ཀན་ལྷོ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་བཱ་ཙེ་རྫོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་གཉེར་བ།