འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དྭངས་གསལ་འཕྲུལ་གྱི་མཆོད་རྟེན་མདུན་དུ་སྨོན་ལམ་གནང་བཞིན་པ་ཡིན།
པར་རིས་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དྭངས་གསལ་འཕྲུལ་གྱི་མཆོད་རྟེན་མདུན་དུ་སྨོན་ལམ་གནང་བཞིན་པ་ཡིན།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་པེ་ཅིང་ཞི་ཧོང་དགོན་དུ་གནས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་གནང་བར་ཕེབས་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཐོག་མར་དྭངས་གསལ་འཕྲུལ་གྱི་མཆོད་རྟེན་ལ་ཕེབས་ནས་ཁ་བཏགས་འབུལ་བ་དང་ཞལ་འདོན་གསུངས་ཤིང་། མཆོད་རྟེན་བསྐོར་ནས་སྨོན་ལམ་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དྭངས་གསལ་འཕྲུལ་གྱི་མཆོད་རྟེན་ནི་ཆིང་ཆན་ལུང་ཁྲི་ལོ་ཞེ་བདུན་པར(1782ལོར་)བཞེངས་པ་དང་། དེ་ནི་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པར་དྲན་གསོ་ཞུ་ཆེད་བཞེངས་པ་ཡིན་ཞིང་། མཆོད་རྟེན་ནང་པཎ་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་དང་བཀའ་ཆོས་སོགས་གཟུངས་རྟེན་དུ་ཕུལ་ཡོད་པ་རེད།
【1】  【2】  【3】  【4】
པར་རིས་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སློབ་གླིང་གི་ལས་དོན་མི་སྣས་འབྲེལ་ཡོད་གནས་ཚུལ་ཞུས་པར་གསན་བཞིན་པ་ཡིན།
པར་རིས་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སློབ་གླིང་གི་ལས་དོན་མི་སྣས་འབྲེལ་ཡོད་གནས་ཚུལ་ཞུས་པར་གསན་བཞིན་པ་ཡིན།