འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་27ཉིན།

༄༅༎རྒྱལ་སྟོན་འཆར་ལ་ཉེ་བའི་སྐབས་མོན་པའི་མཐའ་མཚམས་གྲོང་མི་སྡོད་ཁང་གསར་པར་སྤོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་27ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཆིང་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ།
མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཆིང་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ།
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་ནི་མོན་པ་རིགས་འདུས་སྡོད་ཁུལ་ཞིག་ཡིན། ཟླ་9ཚེས་26ཉིན། སླད་མོན་པ་མི་རིགས་ཤང་ཆིང་གྲོང་ཚོའི་མོན་པ་རིགས་ཀྱི་གྲོང་མི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་གསར་པར་སྤོས་པ་རེད། གསར་དུ་བསྐྲུན་པའི་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་གཞིགས་པ་དང་། མི་རེར་ཆ་སྙོམས་སྨི་ངོས་གྲུ་60ཡི་ཚད་གཞི་ལྟར་ཨར་ལས་འཛུགས་སྐྲུན་བྱས་པ་དང་། ཆུ་དང་། གློག ལམ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་ཡོད་པས། ས་གནས་དེ་གའི་མོན་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་རེད།
【1】  【2】  【3】  【4】  【5】
༄༅༎རྒྱལ་སྟོན་འཆར་ལ་ཉེ་བའི་སྐབས་མོན་པའི་མཐའ་མཚམས་གྲོང་མི་སྡོད་ཁང་གསར་པར་སྤོས་པ།