མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས“འབད་འཐབ་པ་ཡག་ཤོས”ཀྱི་དཔྱད་འདེམས་གཟེངས་བསྟོད་དང་སློབ་སྦྱོང་དྲིལ་བསྒྲགས་
བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་27ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཝང་ཧུའུ་ཉིང་གིས“འབད་འཐབ་པ་ཡག་ཤོས”ཀྱི་གཟེངས་བསྟོད་ཐོབ་མཁན་དང་ གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས“འབད་འཐབ་པ་ཡག་ཤོས”ཀྱི་དཔྱད་འདེམས་གཟེངས་བསྟོད་དང་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་ནས་སྐུ་གཤེགས་པའི“འབད་འཐབ་པ་ཡག་ཤོས”ཚོར་རྗེས་དྲན་ཟབ་མོ་གནང་བ་དང་། གཟེངས་བསྟོད་ཐོབ་མཁན་བློ་མཐུན་ཚོར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ། “འབད་འཐབ་པ་ཡག་ཤོས”ཀྱི་གཉེན་ཉེ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱིས“འབད་འཐབ་པ་ཡག་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཐོན་པའི་དཔའ་བོ་དཔེ་བཟང་བ་དཔྱད་འདེམས་གཟེངས་བསྟོད་བྱས་པ་དེས་དཔའ་བོའི་བྱས་རྗེས་ལ་སློབ་སྦྱོང་དང་། དུས་རབས་ཀྱི་མི་གསར་གསོ་སྐྱོང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ལམ་བུའི་ཁྲོད་མི་རབས་ནས་མི་རབས་བར་གྱི་འབད་འཐབ་པ་ཚོས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པ་ལས་མི་སེམས་འགུལ་བའི་དཔའ་བོ་དཔེ་བཟང་བ་མང་དག་ཅིག་ཐོན་ཡོད། ཁོང་ཚོས་བློ་གྲོས་དང་རྔུལ་ཆུ། ཐ་ན་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་དགའ་སྐྱོ་གཉིས་ལྡན་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དཔའ་བོ་དཔེ་བཟང་བ་ཚང་མར་ང་ཚོས་དད་གུས་དང་སློབ་སྦྱོང་བྱེད་འོས་པ་ཤ་སྟག་རེད། “འབད་འཐབ་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱེད་པ་དང་། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་གོ་གསར་པའི་འབད་འཐབ་ཀྱི་མཉམ་སྒྲོག་རོལ་དབྱངས་དཀྲོལ་བ། དུས་རབས་གསར་པའི་འབད་འཐབ་པའི་གླུ་དབྱངས་སྐད་གསང་མཐོན་པོས་ལེན་པ་བཅས་བྱས་ཏེ། དཔའ་བོ་དཔེ་བཟང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་གཅེས་ཀྱི་བརྩེ་སེམས་བརྟན་སྲུང་དང་འབད་འཐབ་ཀྱི་བློ་རྩ་བརྟན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་ཡོད།
     “འབད་འཐབ་པ་ཡག་ཤོས”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་25ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཐོབ་མཁན་དང་གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
     གཟེངས་བསྟོད་ཚོགས་ཆེན་ཐོག་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་ཀྲང་ཕུའུ་ཆིང་སོགས་མི་278དང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན“ཤིས་ཨན་དུ་སྤོ་མཁན”རྒྱལ་གཅེས་འབད་འཐབ་ཀྱི་སྔོན་ཐོན་ཚོགས་པ་སོགས་མཉམ་སྡེབ་22ལ“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་སྤྲད་པ་རེད།

  
style="display:none;"