འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་30ཉིན།

༄༅༎ཀན་སུའུ་ཐེ་བོ་རྫོང་དུ་ཆུ་ལོག་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་30ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཀན་སུའུ་ཐེ་བོ་རྫོང་དུ་ཆུ་ལོག་བྱུང་བ།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཀན་ལྷོ་ཐེ་བོ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་29ཉིན་གྱི་ཐོ་རེངས་ཙམ་ལ། དྲག་ཆར་བབས་རྐྱེན་ཐེ་བོ་རྫོང་སྟེང་ར་ཤང་འཚོ་བ་གྲོང་ཚོར་ཆུ་ལོག་བྱུང་ནས་དུད་ཚང་24ལ་གནོད་འཚེ་ཕོག་ཡོད། མིག་སྔའི་བར། གནོད་འཚེའི་ཁྲོད་དུ་མི་1རྐྱེན་ལམ་དུ་ཤོར་བ་དང་། མི་3གར་སོང་ཆ་མེད་དུ་གྱུར་ཡོད།
【1】  【2】
༄༅༎ཀན་སུའུ་ཐེ་བོ་རྫོང་དུ་ཆུ་ལོག་བྱུང་བ།