འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎2019ལོའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འགོ་ཚུགས་པ་དང་རྒྱལ་ཁབ་74ཡི་ཁེ་ལས་3000ཙམ་
འགྲེམས་སྟོན་དང་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎2019ལོའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འགོ་ཚུགས་པ་དང་རྒྱལ་ཁབ་74ཡི་ཁེ་ལས་3000ཙམ་
འགྲེམས་སྟོན་དང་ཚོགས་འདུར་ཞུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། “སྒོ་དབྱེའི་མདུན་སར་མཉམ་འཛོམས་བྱེད་པ་དང་། ཁྱབ་འགྱེད་ཀྱི་ལྟེ་བ་མཉམ་སྐྲུན་བྱེད་པ། དར་རྒྱས་དང་འཕེལ་རྒྱས་མཉམ་སྤྱོད་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་ཚོང་ཟོག་འགྲེམས་སྟོན་དང་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་(“གྲོས་མོལ་ཚོགས་འདུ་”ཞེས་བསྡུ་རྒྱུ)ཡུན་ནན་ཁུན་མིང་གི་ཏེན་ཁྲི་མཚེའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་74དང་། རྒྱལ་ནང་གི་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་20ནས་ཡོང་བའི་ཁེ་ལས་3348འགྲེམས་ཚོགས་ནང་ཞུགས་ཡོད། དེའི་ནང་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་ཁེ་ལས་20དང་། རྒྱལ་ནང་གི་ཁེ་ལས་རྩེ་གྲ་500ཡི་ཁེ་ལས་18ཚུད་ཡོད་པ་རེད།
     ད་ཐེངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་དུས་ཡུན་ཉིན་7ཡིན་པ་དང་། སྒོ་དབྱེའི་མདུན་ས་དང་ཁྱབ་འགྱེད་ཀྱི་ལྟེ་བའི་འཐབ་ཇུས་ངེས་གནས་ལ་དམིགས་ནས། རྣམ་པ་གཉིས་དང་ཅན་གསུམ་དང་། གཙོ་གནད་ཐོན་ལས་ཆེན་པོ་བརྒྱད་ལ་བསྟུན་པ་དང་། འཛམ་གླིང་གི་རྩེ་གྲས“ཏག་སེ་གསུམ་”གཏོད་པ་དང་གྲངས་འཛིན་དཔལ་འབྱོར་གྱིས་སྣེ་འདྲེན་དུ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་བརྟེན་ནས་འགྲེམས་ཁང་བཀོད་སྒྲིག་བྱས་ཡོད་པ་རེད། ཁྱོན་བསྡོམས་འགྲེམས་ཁང་17དང་འགྲེམས་གནས་7500བཀོད་སྒྲིག་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17ཡོད་པ་རེད། གཙོ་བོ་ཆེད་དོན་དང་། ཨེ་ཤ་ཡ་ཤར་ལྷོ། ཨེ་ཤ་ཡ་ལྷོ་མ། རྒྱལ་སྤྱི། རྒྱལ་ནང་། ནམ་ཡང་མཇུག་མི་སྒྲིལ་བའི་ལྷོ་ཨེ་ཤེ་ཡའི་དངོས་མང་སྟོན་ཚོགས་སོགས་འགྲེམས་ཁུལ་ཆེ་གྲས་6ལ་དབྱེ་ཡོད་པ་དང་འབྲེལ། “རྒྱུད་གཅིག་ལམ་གཅིག”གི་མ་འཇོག་མཉམ་ལས་ཁང་དང་། ལྗང་མདོག་ནུས་རྒྱུ་ཁང་། ནགས་ཚལ་གྱི་སྣོད་བཅུད་ཐོན་རྫས་ཁང་། གྲངས་གཞིའི་ཡུན་ནན་འགྲེམས་ཁུལ་བཅས་ཐེངས་དང་པོ་བཙུགས་ཡོད་པ་རེད།
【1】  【2】  【3】  【4】  【5】  【6】  【7】  【8】
༄༅༎2019ལོའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འགོ་ཚུགས་པ་དང་རྒྱལ་ཁབ་74ཡི་ཁེ་ལས་3000ཙམ་
འགྲེམས་སྟོན་དང་ཚོགས་འདུར་ཞུགས་པ།