མི་དམངས་དྲ་བ།

༄༅།།“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་
སྐོར་གྱི་དཔེ་ཚོགས”པར་སྐྲུན་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་10ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དཔེ་ཚོགས”རྩོམ་འབྲི་བྱས་པ་དང་། ཉིན་ཤས་གོང་དུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།
      དཔེ་ཚོགས་དེར་ཆེད་དོན་ཁག་བཅུ་གཉིས་སུ་ཕྱེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་དང་། ལྟ་དགོངས་གཙོ་བོ། དགོངས་པའི་སྙིང་དོན་བཅས་ལ་གསལ་འགྲེལ་བྱས་ཡོད་པ་དང་། དགོངས་པ་དེས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕུལ་བའི་སྐོར་གསལ་བཤད་དང་དགོངས་པ་དེའི་ནང་བསྡུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་ཚུལ། བྱེད་ཐབས་བཅས་ལ་དབྱེ་ཞིབ་བྱས་ནས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྣམ་པ་དང་དེ་བཞིན་དེའི་རླབས་ཆེའི་དོན་སྙིང་བཅས་མངོན་པར་བྱས་ཡོད་པ་རེད།

  
style="display:none;"