འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་3ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་
ཆེན་བཏོན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ■ རྩོམ་ཡིག་ནང་ནན་བཤད་བྱས་དོན། འགྲོ་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་གནད་དོན་ཨང་དང་པོ་ཡིན་པ་དང་། འགྲོ་ལམ་ནི་ཏང་གི་ཚེ་སྲོག་ཡིན།
       ■ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་འདོར་མི་རུང་། དེ་འདོར་ན་སྤྱི་ཚོགས་རིང་ལུགས་མིན།
       ■ མར་ཁེ་སིའི་རིང་ལུགས་དུས་རབས་དང་། ལག་ལེན། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་ངེས་ཡིན་པ་ལས་ནམ་ཡང་མི་འགྱུར་བ་ཞིག་གཏན་ནས་མིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱང་ནམ་ཡང་གསར་འབྱེད་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག》ཅེས་པ་བཏོན་པ་རེད།
       རྩོམ་ཡིག་ནང་ནན་བཤད་བྱས་དོན། འགྲོ་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་གནད་དོན་ཨང་དང་པོ་ཡིན་པ་དང་། འགྲོ་ལམ་ནི་ཏང་གི་ཚེ་སྲོག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་རིག་པ་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་གཏན་ཚིགས་རིག་པའི་རྩོད་སྒྲུབ་གཅིག་གྱུར་ཅིག་དང་། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་པ་དང་། ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། ཀྲུང་གོ་དང་དུས་རབས་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཤིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་བཅས་རེད།
      རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་འདོར་མི་རུང་། དེ་འདོར་ན་སྤྱི་ཚོགས་རིང་ལུགས་མིན། རྒྱལ་ཁབ་ཅིག་གིས་རིང་ལུགས་གང་ཞིག་ལག་ལེན་བསྟར་དགོས་མིན་གྱི་འགག་རྩ་ནི་རིང་ལུགས་དེས་རྒྱལ་ཁབ་དེར་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་ཐག་གཅོད་ཐུབ་མིན་ལ་ལྟ་དགོས། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ། འདི་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་རེད་ལ་མི་དམངས་ཀྱི་གདམ་ག་ཡང་ཡིན་པ་ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་ང་ཚོར་གསལ་བཤད་བྱས་ཡོད།
       རྩོམ་ཡིག་ནང་བསྟན་དོན། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ཤིང་། དེར་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་དང་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གཉིས་ཡོད། དེ་ནི་ཕན་ཚུན་འབྲེལ་བ་ཡོད་ལ་ཁྱད་པར་ཆེན་པོ་ཡོད་པའི་དུས་སྐབས་གཉིས་ཡིན་རུང་ངོ་བོའི་ཐོག་ནས་བརྗོད་ན། གཉིས་ཀ་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་འཚོལ་ཞིབ་བྱས་པ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་བཏོད་པ་ཞིག་རེད། འོན་ཀྱང་དེ་ནི་ཀྲུང་གོ་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་ཟིན་པ་དང་འབྲེལ་ལོ་20ལྷག་ཙམ་རིང་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག་བཏོད་པ་ཞིག་རེད། ལོ་རྒྱུས་ཀྱི་དུས་མཚམས་གཉིས་པོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དགོངས་པའི་མཛུབ་ཁྲིད་དང་། བྱེད་ཕྱོགས་སྲིད་ཇུས། དངོས་ཡོད་ཀྱི་ལས་དོན་བཅས་ཀྱི་ཐད་ལ་ཧེ་བག་ཆེན་པོ་ཡོད་རུང་དེ་གཉིས་པོ་ཕན་ཚུན་ཁ་བྲལ་བ་ཞིག་གཏན་ནས་མིན་ལ་འགལ་ཟླར་གྱུར་པ་ཞིག་དེ་བས་མིན། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལོ་རྒྱུས་ཀྱི་དུས་སྐབས་ཁས་མི་ལེན་པ་བྱེད་རྒྱུ་མེད་ལ། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལོ་རྒྱུས་དུས་སྐབས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ཁས་མི་ལེན་པའང་བྱེད་རྒྱུ་མེད།
       རྩོམ་ཡིག་ནང་བསྟན་དོན། མར་ཁེ་སིའི་རིང་ལུགས་དུས་རབས་དང་། ལག་ལེན། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་ངེས་ཡིན་པ་ལས་ནམ་ཡང་མི་འགྱུར་བ་ཞིག་གཏན་ནས་མིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱང་ནམ་ཡང་གསར་འབྱེད་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད། མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་ལྟ་བ་ཡོད་དགོས། ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ཡང་སྒོས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལྟ་བ་མཐའ་འཁྱོངས་དང་། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་འགྱུར་ལྡོག་ཕྱིན་ཡོད་མེད་ལ་ངོས་འཛིན་གསལ་པོ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་བཅས་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
       རྩོམ་ཡིག་ནང་ནན་བཤད་གནང་དོན། རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། གུང་ཁྲན་ཏང་ཡོན་དང་ལྷག་དོན་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་གྱི་དད་སེམས་བརྟན་པོ་འཆང་མཁན་དང་ལག་ལེན་པ་ལྷག་བསམ་རྣམ་དག་ཅིག་བྱེད་དགོས། གུང་ཁྲན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པར་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་མིན་ལ་བསྡུར་ཞིབ་བྱེད་སྐབས་དངོས་ཡོད་ཀྱི་ཚད་གཞི་ཡོད་པ་སྟེ། འགོ་ཁྲིད་ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཡོད་མེད་དང་། དཀའ་ངལ་སྔོན་ལ་བརྒྱབ་པ་དང་ལོངས་སྤྱོད་རྗེས་སུ་བྱེད་ཐུབ་མིན། དཀའ་སྤྱད་ལས་སྒྲུབ་དང་སྤྱོད་གཙང་ལས་སྒྲུབ་ཐུབ་མིན། ཕུགས་བསམ་གྱི་དོན་དུ་སྲོག་ཉེན་ལ་མི་འཛེམ་པར་འབད་འབུངས་དང་། འབད་འཐབ། རང་ཉིད་ཀྱི་བློ་ནུས་ཡོད་ཚད་དང་ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་ལྟ་དགོས། རབ་རིབ་དང་ཐེ་ཚོམ་གྱི་ལྟ་བ་མཐའ་དག་དང་། སྐབས་བསྟུན་སྤྲོ་སྐྱིད་ལ་རོལ་བའི་བསམ་བློ་མཐའ་དག འདོད་རྔམ་སྒེར་ཕན་གྱི་བྱ་སྤྱོད་མཐའ་དག བྱས་རྗེས་གང་ཡང་མེད་པའི་སྤྱོད་ཚུལ་མཐའ་དག་བཅས་ནི་དེ་དང་མཐུན་ཐབས་གཏན་ནས་མེད་པ་ཞིག་རེད།