འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅།།སྐུ་འབུམ་བྱམས་པ་གླིང་གི་བཅོ་ལྔ་མཆོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།སྐུ་འབུམ་བྱམས་པ་གླིང་གི་བཅོ་ལྔ་མཆོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན། དུས་ཡུན་ཟླ་བ་གཉིས་ལྷག་བཞེངས་པ་བརྒྱུད། སྐུ་འབུམ་དགོན་གྱི་“སྒྱུ་རྩལ་ཁྱད་འཕགས་གསུམ”གྱི་ཡ་གྱལ་བཅོ་ལྔ་མཆོད་པ་ལོ་ལྟར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གཤོམ་གྱི་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་འབུམ་དགོན་གྱི་བཅོ་ལྔ་མཆོད་པ་བཞེངས་སའི་སྒོ་ར་གོང་འོག་གཉིས་དབྱེ་ཞིང་། མ་གཤོམ་གོང་ཕྱོགས་གཉིས་ཀས་གསང་བ་ནན་པོ་བྱེད་པ་དང་།  དང་པོའི་ཚེས་བཅོ་ལྔའི་དུས་ཆེན་ཉིན་མང་ཚོགས་ཀྱི་མིག་ལམ་དུ་བཤམས་ཀྱི་ཡོད། སྐབས་འདིར་དགོན་པས་སྒོ་ར་གོང་འོག་གཉིས་ཀྱིས་བཞེངས་པའི་བཅོ་ལྔ་མཆོད་པ་ལ་ཞིབ་དཔྱད་གསལ་འབྱེད་བྱས་ཏེ།  ལེགས་ཞན་དབྱེ་བ་ཕྱེ་ནས། འགྲན་བསྡུར་གྱི་རྣམ་པ་ལས་དགེ་འདུན་པས་བཅོ་ལྔ་མཆོད་པ་བཞེངས་པའི་སྒྱུ་རྩལ་ཇེ་མཐོར་གཏོང་གི་ཡོད་པ་རེད། ལོ་རེའི་བཅོ་ལྔ་མཆོད་པ་བཞེངས་པར་མར་སྤྱི་རྒྱ་500ལྷག་དང་། དུས་ཡུན་ཟླ་བ་གཉིས་ལྷག་འགོར་གྱི་ཡོད་པ་རེད། ད་ལོའི་བཅོ་ལྔ་མཆོད་པ་གཤོམ་རིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་བཅུ་ལྷག་ཙམ་བཅོ་ལྔ་མཆོད་པ་མཇལ་བར་ཡོང་རྒྱུའི་ཡིད་དབང་བཀུག་རྒྱུ་རེད།
【1】  【2】  【3】
༄༅།།སྐུ་འབུམ་བྱམས་པ་གླིང་གི་བཅོ་ལྔ་མཆོད་པ།