འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།>>སི་ཁྲོན།

    སི་ཁྲོན་བོད་རིགས་ས་ཁུལ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་4.5ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་19ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    སི་ཁྲོན་བོད་རིགས་ས་ཁུལ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་4.5ཙམ་ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འགྲིམ་འགྲུལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་མཉམ་རུབ་དམག་འཐབ་ཆེན་པོ་བརྒྱུད་མིག་སྔར་སི་ཁྲོན་བོད་རིགས་ས་ཁུལ་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་4.5ཙམ་ཟིན་ནས་ཤང་གྲོང་བརྒྱ་ཆ་བརྒྱད་ཅུ་ཙམ་ལ་སྣུམ་ནག་ལམ་བཏིང་བ་དང་སྲིད་འཛིན་གྲོང་ཚོ་བརྒྱ་ཆ་དགུ་བཅུ་ཙམ་ལ་གཞུང་ལམ་ཤར་བགྲོད་ཐུབ་ཅིང་། འདི་ནི་ཟླ་3ཚེས་17ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ར་རྔ་ཁ་གྲོང་རྡལ་མངའ་ཁོངས་ཀྱི་གཞུང་ལམ་ཐོག་འཁོར་རིགས་བསྐྱོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།