འཚོལ་བཤེར།   
藏文频道
2023ལོའི་ཟླ་12ཚེས་15ཉིན།

༄༅།།ཞི་ཅིན་ཕིང་ཧ་ནོ་དབྱིར་ཕེབས་འབྱོར་ཟིན་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་14ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་12ཉིན་གྱི་ཉིན་དགུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧ་ནོ་དབྱིར་ཕེབས་འབྱོར་ཟིན་ཏེ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་12ཉིན་གྱི་ཉིན་དགུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧ་ནོ་དབྱིར་ཕེབས་འབྱོར་ཟིན་ཏེ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་ཧ་ནོ་དབྱི་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་12ཉིན་གྱི་ཉིན་དགུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧ་ནོ་དབྱིར་ཕེབས་འབྱོར་ཟིན་ཏེ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།
     ཧ་ནོ་དབྱིའི་ནེ་ཕའེ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་ཝེའི་ལས་རིགས་ཁག་གི་འཐུས་མི་400ལྷག་ཙམ་གྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་ཆ་ཁྱེར་ནས་རེ་སྒུག་ཆེན་པོ་བྱེད་ཅིང་། “སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཝེ་ཐེ་ནམ་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་བཀོད་པའི་འཕྲེད་འགེལ་ཡི་གེ་དམར་པོ་ཧ་ཅང་མངོན་གསལ་དོད།
     ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕེབས་འབྱོར་ཟིན་སྐབས། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནང་སྲིད་པུའི་པུའུ་ཀྲང་བཅས་ཡིན་པའི་ཕན་ཐིང་ཀྲུའོ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་ཕྱི་ཕྱོགས་པུའི་པུའུ་ཀྲང་ལི་ཧོའེ་ཀྲུང་སོགས་ཝེ་ཐེ་ནམ་ཏང་སྲིད་ཀྱི་འགོ་ཁྲིད་པ་དང་ས་གནས་ཀྱི་འཐུས་མིས་གནམ་གྲུའི་སྐས་ཀའི་འགྲམ་ནས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་དང་། ཝེ་ཐེ་ནམ་གྱི་གཞོན་ནུས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་མེ་ཏོག་ཕུལ། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་སྟར་བསྒྲིགས། ཕེབས་བསུ་ཞུ་མཁན་མི་ཚོགས་ཀྱིས“ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ”ཞེས་དགའ་འབོད་བྱས་པ་དང་ས་ཆ་དངོས་སུ་སྤྲོ་སེམས་འཁོལ་ཞིང་མཛའ་མཐུན་གྱི་རྣམ་པས་ཁེངས།
     ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་སྤུན་ཟླ་ཝེ་ཐེ་ནམ་གུང་ཁྲན་ཏང་དང་། ཝེ་ཐེ་ནམ་སྲིད་གཞུང་། ཝེ་ཐེ་ནམ་མི་དམངས་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས། ཝེ་ཐེ་ནམ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་གལ་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གལ་ཆེན་ཞིག་རེད། 
     ཉེ་བའི་ལོ་ཤས་རིང་ཝེ་ཐེ་ནམ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཝེ་ཐེ་ནམ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གསར་བཅོས་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་རྒྱལ་སྤྱི་དང་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད། ཀྲུང་ཝེ་རྒྱལ་ཁབ་གཉིས་རི་ཆུ་འབྲེལ་ཡོད་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་གསར་འཛུགས་དང་འཕེལ་རྒྱས་བཏང་བའི་ཀྲུང་ཝེའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཝེའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་གནས་བབ་ལ་འཇོག་གི་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་དང་མཉམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     (ཚེ་སྒྲོལ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)