འཚོལ་བཤེར།   
藏文频道
2022ལོའི་ཟླ་10ཚེས་18ཉིན།

༄༅།།བོད་ལྗོངས་ཀྱི་རྒུན་འབྲུམ་ཆང་འཚོང་མཁན་ཆོས་མཚོ་ལགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་10ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་ཀྱི་རྒུན་འབྲུམ་ཆང་འཚོང་མཁན་ཆོས་མཚོ་ལགས།
     ཆོས་མཚོ་ལོ་100ལྷག་ཙམ་གྱི་རྒུན་འབྲུམ་ཆང་སྙོལ་བའི་ལོ་རྒྱུས་ལྡན་པའི་ཚྭ་ཁ་ལྷོར་སྐྱེས་ཤིང་། རྫ་ཆུ་དེ་ག་ནས་རྒྱུག་པ་དང་ལུང་ཤུར་གྱི་གནམ་གཤིས་སྐམ་ཤས་ཆེ་བས་དེ་གར་རྒུན་འབྲུམ་གྱི་སྐྱེ་འཚར་ལེགས་པས་དུད་ཚང་ཚང་མས་རྒུན་འབྲུམ་ཆང་སྙོལ་གྱི་ཡོད། ཕ་ཡུལ་གྱི་རྒུན་འབྲུམ་ཆང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁྱབ་གདལ་གཏོང་ཆེད། དེ་སྔ་གཞུང་ལས་པ་ཡིན་པའི་ཆོས་མཚོས་2014ལོར། ལས་ཀ་ནས་དགོངས་པ་ཞུས་ནས་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་དུ་ལོག
      ད་ལོ་ནི་ཆོས་མཚོ་རྒུན་ཆང་ལས་ལ་ཞུགས་ནས་ལོ་8ཡིན། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད། ཐོག་མའི་བསམ་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
     མི་སེར་སེམས་ལ་བཅངས་བ།
     ལོ་8ཀྱི་རིང་། ཆོས་མཚོར་ཐུགས་རྗེ་ཆེ་ཞུ་མཁན་གྲངས་ལས་འདས་པ་ཡོད་མོད། འོན་ཀྱང་ཁོང་གིས་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས། སྔ་ཕྱི་བར་གསུམ་དུ་ཡུལ་མི་བུ་ཕྲུག་ཚོར་ཞབས་འདེགས་ཞུ་བ་ནི། རང་ཉིད་ཀྱིས་འཁུར་འོས་པའི་འགན་འཁྲི་ཞིག་རེད་ཅེས་བརྗོད་ཀྱི་ཡོད།
      ལོ་འདི་དག་རིང་། ཆོས་མཚོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དེ་ཀུང་སིའི་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ད་བར་བོད་རིགས་དང་། འཇང་རིགས། རྒྱ་རིགས། དབྱིས་རིགས། ཅིང་ཕོ་རིགས། པའེ་རིགས། མན་ཇུ་རིགས། ལི་སུའུ་རིགས་སོགས་མི་རིགས་8ཀྱི་ལས་བཟོ་32ལས་ཀར་བཅུག་པ་རེད། 
     ཆོས་མཚོའི“དགུ་བཅུ་པའི་ནང་སྐྱེས”ཀྱི་ལས་རོགས་བློ་བཟང་ལྷ་མཚོས། ཨ་ཅག་ཆོས་མཚོ་ནི་རུ་ངར་བའི་མི་ཞིག་རེད། ཐེངས་ཤིག་ཁོང་གིས་མི་རིགས་གཞན་དག་གི་བུ་མོ་ཞིག་ཁྱིམ་དུ་དུས་ཆེན་གཏོང་བར་སྐྱོད་ཐུབ་མེད་པ་ཤེས་རྗེས། ཀུང་སིའི་གྲངས་ཉུང་མི་རིགས་ཀྱི་ལས་རོགས་ཚང་མའི་དུས་ཆེན་ཟིན་ཐོར་བཀོད་ནས། ལས་རོགས་སུ་ཞིག་དུས་ཆེན་བཏང་ནའང་ཁོང་གིས་བྱེད་སྒོ་ཆུང་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ། ཁོ་ཚོར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཅིག་སྦྱིན་གྱི་ཡོད་ཅེས་བཤད།
     འགན་འཁྲི་འཁུར་སེམས་བཅངས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ།
     ཆོས་མཚོས་ཁེ་ལས་ཤིག་ཡུན་རིང་འཚོ་གནས་ཐུབ་པར་བྱེད་དགོས་ན། ངེས་པར་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་དགོས་པ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་2016ལོར་སྣེ་ཁྲིད་ནས“བདག་དམར་གཡང”གི་དབུལ་སྒྲོལ་རྩ་འཛུགས་བཙུགས་པ་དང་། “ཁེ་ལསདང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ”གྱི་རྣམ་པ་བརྒྱུད། ལྷོ་རྒྱུད་ཤང་གསུམ་གྱི་མང་ཚོགས་ལ་རྒུན་འབྲུམ་མུའུ་1000ལྷག་ཙམ་འདེབས་པའི་སྐུལ་ཁྲིད་བྱས་པ་རེད། ལོ་ཁ་ཤས་རིང་། ཆོས་མཚོ་གནས་སའི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་གནས་སྐབས་ལས་མིར་བསྡུས་པ་དང་རིམ་རྩིས་བྱས་ན་དབུལ་སྐྱོར་འགྲོ་གྲོན་སྒོར་ཁྲི་1500ལྷག་ཙམ་ཟིན་ཡོད་པ་རེད།
     ཤེས་བྱས་ལས་དབང་གི་ཁ་ལོ་སྒྱུར་གྱི་ཡོད་པས། སློབ་གསོ་ནི་ཁྱིམ་ཚང་དབུལ་པོ་ཚང་མའི་རེ་བ་རེད། མཐོ་རིམ་སློབ་གསོ་འཐོབ་མྱོང་ཡོད་པའི་ཆོས་མཚོས་སློབ་གསོའི་གལ་ཆེའི་རང་བཞིན་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ནས། སློབ་གསོའི་དབུལ་སྐྱོར་རྣམ་གྲངས་བཙུགས་པ་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སློབ་མ་དབུལ་པོར་སློབ་གསོར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་པའི་སྐུལ་ལྕག་གཏོང་གི་ཡོད།
     2015ལོ་ནས་བཟུང་། ཆོས་མཚོས་ལོ་ལྟར་ཚྭ་ཁ་ལྷོ་སློབ་ཆུང་ལ“བདག་དམར་གཡང”གི་སྐུལ་གཏོང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་ཀྱི་ཡོད། 2016ལོ་ནས་བཟུང་། སློབ་གྲྭར་ཡོད་མུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་3ལ་ལོ་ལྟར་སྒོར་ཁྲི་6སྤྲོད་པ་དང་། དུས་མཚུངས། ཆོས་མཚོས་ད་དུང་ཀྲི་པུའི་ཏང་ཡོན་དང་སློབ་མའི་དབར་ཆ་སྒྲིག་རོགས་སྐྱོར་བྱེད་དགོས་པའི་སྐུལ་སློང་བྱས་ཏེ། གཅིག་གཏད་གཅིག་གི་རྒྱུད་རོགས་ཁྲིད་གསུམ་དང་དོགས་གནད་བསལ་ཏེ་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སློབ་སྦྱོང་ཡག་པོ་བྱེད་པའི་ས་བོན་གྱི་མྱུ་གུ་ཕྲུ་གུའི་སེམས་སུ་རྒྱས་པར་བྱས་ཡོད།
     གོམ་སྟབས་རེ་རེ་བཞིན་ཁེ་ལས་ཀྱི་སྤུས་རྟགས་བཏོད་པ།
    ལོ་8ཀྱི་རིང་། ཆོས་མཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་ལ་དོ་དམ་བྱས་པ་མ་ཟད། ད་དུང་རྒུན་འབྲུམ་ཆང་སྙོལ་བའི་ཤེས་བྱར་བརྩོན་ཞིབ་བྱས་ཏེ། ཕ་ཡུལ་གྱི་རྒུན་ཆང་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཁྱབ་གདལ་བཏང་ཡོད། ཆོས་མཚོས་ས་མཐོའི་རྒུན་ཆང་དེ་བས་མཐོ་བའི་ལས་སྟེགས་སུ་ཁྱབ་གདལ་བཏང་བ་དང་། “བདག་དམར་གཡང”གི་སྤུས་རྟགས་ཀྲུང་གོའི་རྒུན་ཆང་ཁྲོམ་རར་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་ཆབས་ཅིག མི་དེ་བས་མང་པོ་ཞིག་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་ཐུབ་ཡོད།
      ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི། རྩ་འཛུགས་དང་ཏང་ཡོན་གྱིས་ང་ལ་ཡིད་ཆེས་བྱས་པ་ཞིག་དང་སླད་ཕྱིན་ངའི་ལས་ཀར་སྐུལ་ལྕག་དང་སྐུལ་མ་བྱས་པ་ཞིག་དེ་བས་རེད། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་བྱས་ཏེ། སྤྱི་ལ་དབང་བ་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་ཆོས་མཚོས་བཤད།
༄༅།།བོད་ལྗོངས་ཀྱི་རྒུན་འབྲུམ་ཆང་འཚོང་མཁན་ཆོས་མཚོ་ལགས།