འཚོལ་བཤེར།   
藏文频道
2022ལོའི་ཟླ་10ཚེས་18ཉིན།

༄༅།།ཚེ་རིང་ལྷ་མོ། དམིགས་བསལ་སློབ་གསོ་ལ་བརྩེ་བ་ཟབ་མོ་བཅོལ་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་10ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚེ་རིང་ལྷ་མོ། དམིགས་བསལ་སློབ་གསོ་ལ་བརྩེ་བ་ཟབ་མོ་བཅོལ་ཡོད།
   མི་དམངས་དྲ་བའི་འཕྲིན། སློབ་གསོ་ལས་ལ་ཞུགས་ནས་ལོ་ངོ་28སོང་བའི་ཁོ་མོས་ཆེས་ཕལ་བའམ་ཡང་ན་ཆེས་དམིགས་བསལ་གྱི་ལས་གནས་ཐོག  བྱམས་ལྡན་ཨ་མ་ལྟ་བུའི་སེམས་པ་བཟུང་ནས་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཚོའི་འཚར་ལོངས་ལ་གཅེས་སྐྱོང་གནང་ཞིང་། ཐུན་མིན་གྱི་བརྩེ་བ་ཞིག་དམིགས་བསལ་སློབ་གསོ་ལ་ཕུལ་ཏེ། བྱིས་པ་ཚོའི་སེམས་ཀྱི་ཟབ་སར་འོད་སྣང་གིས་ཁེངས་བཅུག་ཡོད།      
   ཚེ་རིང་ལྷ་མོ། བརྩེ་སེམས་ཀྱིས་བསྐྲུན་པའི་དབང་སྐྱོན་སློབ་གསོའི་ལམ་བུ། 
    གསར་འགོད་པ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭར་བསྐྱོད་དུས། སློབ་གཙོ་གཞོན་པ་ཅང་ཐའོ་ཀྲེང་གིས་ས་ཆ་གཞན་དུ་ཡོད་པའི་སློབ་གཙོ་ཚེ་རིང་ལྷ་མོ་ལ་བརྙན་ལམ་བརྒྱུད་ནས་ཁ་བརྡ་བྱེད་བཞིན་འདུག ཁོ་མོ་ས་ཆ་གཞན་དུ་ལུས་ནས་དུས་ཐོག་ཏུ་སློབ་གྲྭར་ཡོང་ཐུབ་མེད། འོན་ཀྱང་། ཚེ་རིང་ལྷ་མོས་ཉིན་རྒྱུན་དུ་དྲ་ཐོག་ནས་སློབ་མ་ཚོའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད། 
    ཚེ་རིང་ལྷ་མོ་ནི་1994ལོའི་ཟླ་7པར་བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། མི་དམངས་དགེ་རྒན་གྱི་ལས་ཀ་བདམས་ནས་ཨ་མདོ་རྫོང་སློབ་འབྲིང་དུ་སློབ་ཁྲིད་ཀྱི་ལས་ལ་ཞུགས་པ་རེད། དེའི་རྗེས་ལས་གནས་བསྒྱུར་ནས་ནག་ཆུ་གྲོང་ཁྱེར་གྱི་སློབ་འབྲིང་དང་། ནག་ཆུ་གྲོང་ཁྱེར་བྱིས་སྐྱོང་ཁང་དུ་དགེ་རྒན་བྱས་པ་རེད། 
   2013ལོར། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭ་བཙུགས་ཤིང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཚེ་རིང་ལྷ་མོ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་གཙོའི་ལས་གནས་ཐོག་ལས་གནས་བསྒྱུར་ཏེ། ཁོ་མོའི་དམིགས་བསལ་སློབ་གསོའི་ལམ་བུ་ལ་བསྐྱོད་འགོ་ཚུགས། 
   2019ལོར། གསར་འགོད་པ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭར་བཅར་འདྲིར་འགྲོ་དུས། བྱིས་པ་ལོང་བ་དཀར་གསལ་ལྷ་མོ་མཐོང་བྱུང་། སྐབས་དེ་དུས་ང་ཚོས་པར་མིག་བརྒྱུད་ནས་ཚེ་རིང་ལྷ་མོ་དང་དཀར་གསལ་ལྷ་མོ་གཉིས་ཀྱིས་ཁ་བརྡ་བྱེད་པའི་རྣམ་པ་ཕབ་ཐུབ་ཡོད། 
   ཚེ་རིང་ལྷ་མོའི་རོགས་རམ་འོག གླུ་དབྱངས་ལེན་རྒྱུར་དགའ་བའི་དཀར་གསལ་ལྷ་མོས་རྣོ་སྦྲེང་དཀྲོལ་བ་དང་། དཔེ་ཀློག་བྱེད་པ། ཡི་གེ་འབྲི་བ་སོགས་སྦྱངས་ནས་ཤེས་ཡོད་པ་དང་། ཉམ་ཆུང་ཡང་ཟོལ་མེད་རྣམ་དག་ཡིན་པའི་སེམས་པ་བརྩེ་བས་སྐྱོང་ཆེད། ཚེ་རིང་ལྷ་མོས་ལག་བརྡ་ལ་བརྟེན་ནས་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་ཐབས་བསླབས་ཤིང་། དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་སེམས་འདུན་འཆང་ནས། ཚེ་རིང་ལྷ་མོས་“གཅེས་སེམས+ངང་རྒྱུད་རིང་པོ+འགན་འཁྲི་འཁུར་སེམས+ཆེད་ལས”བཅས་ཟུང་འབྲེལ་གྱི་དམིགས་བསལ་སློབ་ཁྲིད་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་ཐུབ་ཡོད། 
   ཚེ་རིང་ལྷ་མོ་དང་རོགས་པ་ཚོས་ཐུན་མོང་གི་འབད་བརྩོན་འོག རྫ་ཆས་སྒྱུ་རྩལ་འཛིན་གྲྭ། འཚེམ་བཟོ་འཛིན་གྲྭ། ཏན་ཞིན་བཟོ་བའི་འཛིན་གྲྭ་སོགས་ལས་རིགས་སློབ་གསོའི་སློབ་ཚན་རབ་དང་རིམ་པ་བཙུགས་ནས། བྱིས་པ་ཚང་མས་མི་ཚེའི་ལམ་ཁ་རེ་འཚོལ་ཐུབ་པ་བྱས་ཡོད། ཚེ་རིང་ལྷ་མོ་དགའ་ཞིང་བློ་བདེ་བྱུང་ཡོད་པ་ལ། རང་སློབ་གྲྭ་ནས་ཐོན་པའི་སློབ་མ་33ནང་ལས་ཞུགས་ལས་གཏོད་ལ་ཞུགས་པའི་སློབ་མ་14དང་། འབྲིང་རིམ་ལས་རིགས་འཛིན་གྲྭར་ཞུགས་མཁན་སློབ་མ་16། སློབ་མ་2ཀྱིས་སློབ་ཆེན་དུ་རྒྱུུགས་འཕྲོད་ཡོད།
 བརྩེ་སེམས་ཀྱི་ཆུ་མོ་གཏོར་ནས། སྣ་བརྒྱའི་མེ་ཏོག་བཞད་པར་སྒུག
   ཚེ་རིང་ལྷ་མོས་རང་ཉིད་ཀྱི་ཆེས་མཛེས་པའི་ལང་ཚོ་དང་ཆེས་ཟབ་པའི་བརྩེ་བ་དམིགས་བསལ་སློབ་གསོ་སློབ་གྲྭའི་བྱིས་པ་སྙིང་རྗེ་མོ་ཚོར་ཕུལ་ཡོད། ཁོང་མོ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དགེ་རྒན་མཛེས་ཤོས་དང་། རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭ་ལ་ཡང་སྔ་རྗེས་སུ་“ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས།” 
“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ།” ཀྱི་གཟི་བརྗིད་མཚན་སྙན་རབ་དང་རིམ་པར་ཐོབ་པ་རེད། 
    མི་འགྱངས་པར་པེ་ཅིང་དུ་ཚོགས་ཆེན་ཉི་ཤུ་པར་ཞུགས་འཆར་ཡོད་པའི་ཚེ་རིང་ལྷ་མོ་སྤོབས་སེམས་ཀྱིས་ཁེངས་ནས་ཡོད།