འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་པ་བསྐོ་འཐེན་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲོའུ་ཅིན་ཆང་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། ཀྲའོ་ཁྲུང་ཅིའུ་ནི་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱས།
     ཧྲའོ་ཞིན་ཡུས་ཀྱི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཀའོ་ཞའོ་པིང(བུད་མེད)གི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ། ཀྲའོ་ཁྲུང་ཅིའུ་ཡི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ། ཁྲེན་ཅིན་ཧྥུ་ཡི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ། ཏུང་ཀྲི་དབྱི་ཡི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། མ་ཅུན་ཧྲེང་གི་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་ཕྱིར་འཐེན་བྱས་པ། ཡན་ཅང་དབྱིང(བུད་མེད)གི་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ། དབྱི་ཁྲེང་ཅི་ཡི་རྒྱལ་ཁབ་གནས་སྤོ་ཡུལ་མིའི་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས)ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་་ཡོད།