འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།འགྱུར་རྡོ་འདིས་ཚེ་སྲོག་རིམ་འགྱུར་གྱི་གསང་བ་བརྟོལ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།འགྱུར་རྡོ་འདིས་ཚེ་སྲོག་རིམ་འགྱུར་གྱི་གསང་བ་བརྟོལ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཀྲུའུ་རྨིན་ཚོགས་པས་རང་རྒྱལ་གྱི་ཁྲུང་ཆིང་དང་། ཀུའེ་ཀྲོའུ་སོགས་ནས་ད་ལྟའི་བར་ལོ་དུང་ཕྱུར་4.4གོང་གི་ཀྲི་ལིའུ་དུས་རབསསྔ་དུས་ཀྱི་ས་རིམ་ཁྲོད་ནས། “ཁྲུང་ཆིང་གི་དམིགས་བསལ་གྱི་ས་འོག་ཏུ་སྦས་པའི་འགྱུར་རྡོའི་མཛོད”དང“ཀུའེ་ཀྲོའུ་ཡི་ཧྲི་ཆན་འགྱུར་རྡོའི་མཛོད”རྙེད་དེ། རང་རྒྱལ་ལ་འཛམ་གླིང་རིམ་པའི་དམིགས་བསལ་གྱི་འགྱུར་རྡོ་མཛོད་གཞན་ཞིག་གསར་དུ་བསྣན་ཏེ། འཛམ་གླིང་གི་ཀྲི་ལིའུ་དུས་རབས་ཀྱི་སྔ་དུས་ཀྱི་མགལ་ཡོད་རིགས་ཀྱི་འགྱུར་རྡོའི་ཟིན་ཐོ་མེད་པའི་སྟོང་ཆ་བསྐངས་ནས། ཐེངས་དང་པོར་མགལ་ཡོད་རིགས་ཀྱི་དར་རྒྱས་དང་ཆེས་ཐོག་མའི་འགྱེད་འཕྲོ་ཁ་གྱེས་སུ་འགྲོ་བར་དཔང་རྟགས་ཁུངས་བཙན་འདོན་སྤྲོད་བྱས་ཡོད།
     པེ་ཅིང་གི་དུས་ཚོད་ཟླ་9ཚེས་29ཡིན། རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང》གིས་མདུན་ཤོག་རྩོམ་ཡིག་གི་རྣམ་པས་དུས་གཅིག་ཏུ་ཚོགས་པའི་རིག་གཞུང་དཔྱད་རྩོམ་བཞི་སྤེལ་ཞིང་། འབྲེལ་ཡོད་མགལ་ཡོད་རིགས་ཀྱི་འབྱུང་ཁུངས་དང་ཆེས་སྔ་དུས་ཀྱི་འཕེལ་འགྱུར་གྱི་ཞིབ་འཇུག་གྲུབ་འབྲས་གཅིག་སྡུད་ཐོག་སྤེལ་ཡོད།