འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་29ཉིན།

༄༅།།ཡུལ་འདི་ནས་གནའ་སྒོར་མང་པོ་རྙེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡུལ་འདི་ནས་གནའ་སྒོར་མང་པོ་རྙེད།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ད་བར་ལོ་ངོ་ཉིས་སྟོང་ལྷག་གི་རྒྱལ་ཁབ་དངུལ་སྒོར་ལུགས་མ་བཟོ་གྲྭ་སྟེ། ཧན་ཁྲང་ཨན་ཁྲེང་ཀྲའོ་ལུན་གྱི་ཀྲན་ཀོན་དངུལ་སྒོར་ལུགས་མའི་རྗེས་ཤུལ་དུ་གནའ་རྫས་རྟོག་ཞིབ་གསར་དུ་རྙེད་ཅིང་། གནའ་རྫས་རྟོག་ཞིབ་པས་འདི་ནས་ཧན་ནུབ་མ་ནས་རྒྱལ་རབས་གསར་བའི་དུས་སྐབས་བར་གྱི་ཟངས་དངུལ་དང་། དངུལ་ལུགས་ཀྱི་རྫ་ཆས། དེ་བཞིན་ཞུན་ལུགས་དང་ཁྲོན་པ་སོགས་ཀྱི་རྗེས་ཤུལ་མང་པོ་རྙེད་ཡོད།
     ཀྲའོ་ལུན་ཀྲན་ཀོན་དངུལ་ལུགས་རྗེས་ཤུལ་ནི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཞི་ཞན་ཁུལ་གསར་གྱི་ཧྥེང་ཞི་ཞིན་གྲོང་སྡེའི་ཝང་ཞིན་ཁྲོམ་སྲང་དོན་གཅོད་ཁང་ཀྲའོ་ལུན་གྲོང་ཚོའི་རྒྱུད་དུ་གནས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ས་འོག་ནས་བཏོན་པའི་སྒོར་ལ“ཀྲུའུ་ལྔ”དང་། “ཆོན་ཆེན་ལྔ་བཅུ” “ཆོན་ཆུང་ཐད་གཅིག” “ཆི་གྲི་ལྔ་བརྒྱ” “ གྲི་གཅིག་ལྔ་སྟོང་དང་མཉམ”སོགས་ཀྱི་རིགས་ཡོད་པ་མ་ཟད། ད་དུང་ཤུལ་བཞག་དངོས་རྫས་ཀྱི་གྲས་སུ་རྫ་གཡམ་ལེབ་ལེབ། རྫ་གཡམ་སྒོར་ཕྱེད་མ། རྫ་གཡམ་ཐུར་འགོ ལུགས་ཀོང་། འཕྲུལ་སྦུད་སོགས་ཚུད་ཡོད། དབྱིབས་བཟོའི་ཐད་ནས་བལྟས་ཚེ་ཚང་མ་ཧན་ནུབ་མའི་དུས་དང་རྒྱལ་རབས་གསར་བའི་དུས་ཀྱི་ཤུལ་བཞག་དངོས་པོ་ཡིན་པ་རེད།
༄༅།།ཡུལ་འདི་ནས་གནའ་སྒོར་མང་པོ་རྙེད།