འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་29ཉིན།

༄༅།།དོན་འདི་བསམ་གཟས་ནས་གཏོར་བརླག་བཏང་བ་རེད་ཟེར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཏེན་མག་གི་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་27ཉིན། ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལི་ཙེ་ལི་ཁེ་སེན་དང་། རྒྱལ་སྲུང་བློན་ཆེན། གནམ་གཤིས་བློན་ཆེན། ཕྱི་འབྲེལ་བློན་ཆེན་བཅས་ཀྱིས“པའེ་ཞི-1”དང་“པའེ་ཞི-2”ཀྱི་རང་བྱུང་སོལ་རླངས་སྦུག་ལམ་ལ་ཟགས་སྐྱོན་བྱུང་བའི་དོན་རྐྱེན་ལ་དམིགས་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལི་ཙེ་ལི་ཁེ་སེན་གྱིས། ཏེན་མག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བཏོན་པའི་ཕྱོགས་བསྡུས་དཔྱད་དཔོག་གཞིར་བཟུང་ན། “པའེ་ཞི”རང་བྱུང་སོལ་རླངས་སྦུག་ལམ་ལ་ཟགས་སྐྱོན་བྱུང་བ་དེ་དོན་རྐྱེན་ཞིག་མིན་པར་བསམ་གཟས་ནས་གཏོར་བརླག་བཏང་བ་རེད་ཅེས་བཤད་པ་རེད། 
     ཧྥུ་ལེ་ཙི་ལེ་ཁུ་སིན་གྱིས་ཁ་གསབ་བྱས་ནས་བཤད་རྒྱུར། སྲིད་གཞུང་གིས་དོན་དག་འདི་ལ་ནན་ཏན་གྱིས་ལྟ་སྟངས་འཛིན་བཞིན་ཡོད། མོས་འདི་ནི་ཏེན་མག་ལ་ཚུར་རྒོལ་བྱས་པ་མིན་པར་འདོད། གནམ་གཤིས་བློན་ཆེན་གྱིས་བཤད་རྒྱུར། ཟགས་སྐྱོན་དེ་ནི་འབར་གཏོར་གྱིས་བཟོས་པ་ཡིན་པ་ལས། སྟེས་དབང་གིས་བྱུང་བ་ཡིན་མི་སྲིད།
     ཏེན་མག་ནུས་རྒྱུ་ཧྲུའུ་ཡིས་ཚེས་27ཉིན་བདེན་དཔང་བྱས་དོན། ཚེས་26ཉིན་ཏེན་མག་ཉེ་འགྲམ་ཆུ་ཁོངས་ཀྱི“པའེ་ཞི-2”ཀྱི་སྦུག་ལམ་ལ་ཟགས་སྐྱོན་འབྱུང་ས་ཞིག་ཡོད་པ་ཤེས་ནས་ཅུང་མ་འགོར་བར། “པའེ་ཞི-1”གི་སྦུག་ལམ་ལ་ཟགས་སྐྱོན་འབྱུང་ས་གཉིས་ཡོད་པ་ཤེས་པ་སྟེ། ཏེན་མག་དང་སུའེ་ཏེན་ཉེ་འགྲམ་གྱི་ཆུ་ཁོངས་སོ་སོར་གནས་ཡོད། ཏེན་མག་ནུས་རྒྱུ་ཧྲུའུ་ཡི་ཧྲུའུ་ཀྲང་གིས་གསར་འགྱུར་སྤྱི་བསྒྲགས་ནང་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་ཟགས་སྐྱོན་བྱུང་བ་དེ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད་ཅེས་བཤད།