འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་27ཉིན།

༄༅།།མི་1767ཛ་དྲག་ངང་གནས་སྤོ་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་27ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེ་བཀོད་འདོམས་པུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཚེས་26ཉིན་གྱི་ཆུ་ཚོད་17ནས་ཚེས་27ཉིན་གྱི་ཆུ་ཚོད་7དང་སྐར་མ་30བར། སི་ཁྲོན་རྔ་བའི་ས་ཁུལ་མང་ཆེ་བར་ཆར་འབྲིང་ནས་ཆར་ཆེན་བབས་པ་དང་། ལེའང་ཧྲན་དབུས་ལྷོ་རྒྱུད་དང་ཤར་རྒྱུད་དུ་ཆར་ཆུང་བབས་པ་དང་། ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་བབས་པ་རེད། 
   དྲག་ཆར་བབས་པ་ལས་ཐོན་སྲིད་པའི་ས་གཤིས་གནོད་འཚེའི་འཇིགས་སྐུལ་ལ་ཁ་གཏད་གཅོག་ཆེད། སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཉེན་གཡོལ་གནས་སྤོ་ཐེངས་55སྒྲིག་འཛུགས་བྱས་པ་དང་། མང་ཚོགས་དུད་ཚང་629ཡི་མི་གྲངས་1767གནས་སྤོ་བྱས་པའི་ནང་ལེང་ཧྲན་ཀྲོའུ་ཡི་དུད་ཚང་531གི་མི་གྲངས་1562དང་རྔ་བ་ཁུལ་གྱི་དུད་ཚང་98ཀྱི་མི་གྲངས་205ཡོད། དེ་རྫོང་4ཡི་རྐྱེན་ངན་མི་མངོན་པའི་གནས་55དང་འབྲེལ་བ་ཡོད་པ་རེད། རྔ་བ་ཁུལ་དང་ལེང་ཧྲན་ཀྲོའུ་ཡིས་ས་གཤིས་གནོད་འཚེ་གོང་ཞུ་བྱས་མེད།