འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།གྲུ་ལོག་བརྒྱབ་པའི་དོན་རྐྱེན་ཁྲོད་མི་97རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་22ཉིན་སི་རི་ཡའི་མཚོ་ཁོངས་སུ་ཐོན་པའི་ལེ་པ་ནོན་གྱི་ཁྲིམས་འགལ་གནས་སྤོ་ཡུལ་མིའི་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ནང་མི་97རྐྱེན་ལམ་དུ་ཤོར་འདུག དེའི་ཁྲོད་བུད་མེད་དང་བྱིས་པ་ཚུད་ཡོད་པ་རེད། འཚོལ་སྐྱོབ་ལས་དོན་ད་དུང་ལེགས་གྲུབ་མ་བྱུང་བར་བརྟེན་འཆི་རྨས་བྱུང་བའི་མི་སྔར་བས་མང་དུ་འགྲོ་སྲིད་ཅེས་བཤད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་གཟིངས་དེའི་ནང་རྒྱལ་ཁོངས་མི་འདྲ་བའི་ཁྲིམས་འགལ་གནས་སྤོ་ཡུལ་མི་120ནས་150བར་ཡོད་ཅིང་། ཁོང་ཚོ་མང་ཆེ་བར་སི་རི་ཡ་དང་། ལི་པ་ནོན་དང་ཕ་ལེ་སི་ཐན་སོགས་རྒྱལ་ཁབ་ཀྱི་ལམ་ཡིག་ཡོད་པ་རེད།
     མིག་སྔར། སི་རི་ཡའི་ཡུལ་འཁྱར་བ་ཁྲི་100ཙམ་ལེ་པ་ནོན་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 2019ལོ་ནས་བཟུང་། ལེ་པ་ནོན་གྱི་དཔལ་འབྱོར་དཀའ་ངལ་དུ་གྱར་བ་དང་དེའི་ཐོག་ཏོག་གསར་གློ་ཚད་རིམས་ནད་དང་པེ་ལུའུ་ཐེ་གྲུ་ཁར་འབར་གས་ཆེན་པོ་བྱུང་བ་སོགས་ཀྱི་རྡུང་རྡེག་བསྟུད་མར་ཕོག་པས། ལེ་པ་ནོན་གྱི་དངུལ་ལོར་ཆེས་ཆེར་ཆག་པ་དང་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མང་དུ་ཕྱིན་ནས།སྨན་རྫས་དང་། འབར་རྫས། གློག་ཤུགས་སོགས་དཀོན་པོ་ཡོད། དེའི་ཤུགས་རྐྱེན་ལས་མཚོ་འགྲུལ་བརྒྱུད་ལེ་པ་ནོན་ནས་ཁ་བྲལ་རྩིས་བྱེད་མཁན་དམངས་ཚོགས་མང་དུ་ཕྱིན་པ་དེའི་ནང་སི་རི་ཡའི་ཡུལ་འཁྱར་བ་དང་། ཕ་ལེ་སི་ཐན་གྱི་ཡུལ་འཁྱར་བ། ལེ་པ་ནོན་རྒྱལ་ཁབ་རང་གི་དམངས་ཚོགས་བཅས་མང་པོ་ཚུད་ཡོད།