འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།རྒྱལ་ཁབ་འདིར་བུད་མེད་ཙུང་ལི་ཐོག་མ་བདམས་ཐོན་བྱུང་སྲིད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་གྱི་ཕྱོགས་བསྡུས་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་ཆུ་ཚོད་23ཙམ་ལ། དབྱི་ཐ་ལིའི་གྲོས་ཚོགས་ཀྱི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ལྷུ་ཚིགས་མཇུག་བསྒྲིལ་བ་རེད། དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ལས། དབྱི་ཐ་ལིའི་སྤུན་ཟླ་ཏང་གིས་འགོ་ཁྲིད་བྱས་པའི་དབུས་གཡས་རུའི་མནའ་འབྲེལ་ལ་འདེམས་ཤོག་40%ལས་བརྒལ་བ་ཐོབ་ནས་ཏང་ཤོག་གཞན་དག་ལས་བརྒལ་ཡོད། དེའི་ཐོག་ནས་ཏང་དེའི་གཙོ་འཛིན་མེ་ལུའོ་ཉི་དབྱི་ཐ་ལིའི་བུད་མེད་ཙུང་ལི་ཐོག་མར་འགྱུར་སྲིད་པ་མཚོན་ཡོད།
     དབྱིན་ཇིའི《ཝུའེ་ཚགས་པར》ཐོག་གནས་འཕྲིན་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་དབྱི་ཐ་ལིའི་དབུས་གཡོན་རུའི་ཏང་ཤོག་དམངས་གཙོ་ཏང་གིས་ཕམ་ཁ་བྱུང་བ་ཁས་ལེན་བྱས་པ་རེད་ཅེས་འཁོད་ཡོད། 
གནས་འཕྲིན་སྤེལ་བར་གཞིགས་ན། གལ་ཏེ་འདེམས་ཤོག་འཕངས་རྗེས་དམངས་འདོད་བརྟག་དཔྱད་ཀྱི་འབྲས་བུ་ཡང་དག་བྱུང་ཚེ། དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལེ་ལ་ཡིས་མེ་ལུའོ་ཉི་ལ་སྲིད་གཞུང་གསར་པ་འཛུགས་རྒྱུའི་དབང་ཆ་སྤྲོད་རྒྱུ་དང་། གལ་ཏེ་ཚང་མ་བདེ་བླག་བྱུང་ཚེ་སྲིད་གཞུང་གསར་པ་དེ་ཟླ་10པའི་ཟླ་མཇུག་ཏུ་འཛུགས་རྒྱུ་རེད། 
     ད་ལོའི་ཟླ་7པར། དབྱི་ཐ་ལིའི་མཉམ་འབྲེལ་སྲིད་གཞུང་ནང་ཁུལ་གྱི་ཏང་ཤོག་མང་པོ་ཞིག་སྲིད་གཞུང་གི་ཡིད་རྟོན་འདེམས་ཤོག་འཕངས་པར་ཞུགས་མེད་པ་དང་། ཙུང་ལི་ཏེ་ལ་ཅེ་ཡིས“མཉམ་འབྲེལ་སྲིད་གཞུང་ལ་འདེགས་སྐྱོར་བྱེད་པའི་ཡིད་རྟོན་རྨང་གཞི”མེད་པ་ཆགས་པ་དང་། ཙུང་ཐུང་མ་ཐ་ལུའེ་ལར་ལས་ཁུར་དགོངས་ཞུ་ཐེངས་གཉིས་ཞུས་ཡོད་ཅེས་བཤད་པ་རེད། དེའི་རྗེས་སུ་མ་ཐ་ལུའེ་ལ་ཡིས་གྲོས་ཚོགས་མེད་པར་བཟོས་ནས། གྲོས་ཚོགས་ཀྱི་འདེམས་བསྐོ་སྔ་སྣུར་དུ་བྱེད་པ་དང་ཏེ་ལ་ཅི་ཡིས་ལྟ་སྲུང་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་རྒྱུ་ཁྱབ་བསྒྲགས་བྱས།