འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།གྲུ་གཟིངས་ཤིག་མཚོར་ནུབ་ནས་ཉུང་མཐར་ཡང་མི་34རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་22ཉིན་སི་རི་ཡའི་འཕྲོད་བསྟེན་པུས་གསལ་བསྒྲགས་སྤེལ་ནས། གནས་སྤོ་ཡུལ་མི་སྡོད་ཡོད་པའི་གྲུ་གཟིངས་ཤིག་སི་རི་ཡའི་མཚོ་ཁོངས་སུ་ནུབ་པས་མི་34རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།
     གསལ་བསྒྲགས་ནང་གྲུ་གཟིངས་དེ་སི་རི་ཡའི་ནུབ་རྒྱུད་ཐར་ཐུའུ་སི་གྲོང་ཁྱེར་གྱི་ཉེ་འགྲམ་མཚོ་ཁོངས་སུ་ནུབ་ཡོད་པ་དང་། བསྐྱབས་ཐུབ་པ་བྱུང་བའི་མི་སྣ་20ཐར་ཐུའུ་སི་གྲོང་ཁྱེར་དུ་སྨན་བཅོས་སྲོག་སྐྱོབ་དང་ལེན་བྱེད་པར་བསྐྱལ་ཡོད་ཅེས་འཁོད་ཡོད་པ་རེད། འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་དུ་འགྲོ་སྲིད།
སི་རི་ཡའི་འཕྲོད་བསྟེན་པུས་སྟེས་དབང་ངང་གསོན་པའི་མི་ཞིག་གི་སྐད་ཆ་དྲངས་ནས་བཤད་དོན། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ཉིན་ཤས་གོང་ལེ་པ་ནོན་ནས་ཐོན་ཏེ་རྒྱལ་ཁབ་མང་པོའི་སྤྱི་དམངས་བླུགས་ཡོད་པ་རེད།
     གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིར་གནས་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱི་གནས་འཕྲིན་ལ་གཞིགས་ན། སེབ་རུ་སི་ལ་འགྲོ་འཆར་ཡོད་པའི་གྲུ་གཟིངས་དེའི་ནང་མི་120ནས་མི་150ཙམ་བླུགས་ཡོད་པའི་ནང་ལེ་པ་ནོན་དང་སི་རི་ཡ་སོགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཚུད་ཡོད་པ་རེད།