འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།རྒྱལ་ཁབ་འདིར་ས་ཡོམ་རིམ་པ་5.8བྱུང་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ནེའུ་ཙི་ལན་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས(RNZ)ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་21དང་སྐར་མ་7ཐོག་ནེའུ་ཙི་ལན་དུ་ས་ཡོམ་རིམ་པ་5.8བྱུང་། རྒྱལ་ས་ཧའེ་ལིང་ཐོན་ལ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
     གནས་འཕྲིན་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་དེ་ནེའུ་ཙི་ལན་གྱི་གླིང་ཕྲན་ལྷོ་མ་དང་བྱང་གླིང་བར་བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་51ཙམ་ཟིན་ཡོད་པ་རེད། ནེའུ་ཙི་ལན་གྱི་རྒྱལ་ས་ཧའེ་ལིང་ཐོན་དུ་མངོན་གསལ་དོད་པོས་གཡོ་བཞིན་ཡོད་པ་ཚོར་ཐུབ་པ་དང་། ནེའུ་ཙི་ལན་གྱི་བྱང་རྒྱུད་ནས་ལྷོ་རྒྱུད་བར་ཚང་མར་ཡོམ་ཚོར་ཆེན་པོ་བྱུང་ཡོད། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་འབྱོར་མེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། ས་ཡོམ་བྱུང་རྗེས་ཀྱི་སྐར་མ་15ཡི་ནང་། ནེའུ་ཙི་ལན་གྱི་རྒྱལ་ཁབ་ས་ཡོམ་དྲ་བ་Geonetལ་ཡོམ་ཚོར་བྱུང་བའི་སྙན་ཞུ་44000ལྷག་ཙམ་འབྱོར་ཡོད། ནེའུ་ཙི་ལན་གྱི་གླིང་ཕྲན་ལྷོ་མའི་བྱང་རྒྱུད་དུ་གནས་པའི་གྲོང་མིས་ས་ཡོམ་གྱིས་རི་ཉིལ་ཉེན་ཡོད་པར་སེམས་ཁྲལ་བྱེད་ཀྱི་ཡོད།