འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།ཧྥུ་ཀྲེང་ཧྭ་ལ་འདྲི་གཅོད་དང་པོར་དུས་འགྱངས་སྲོག་ཁྲིམས་བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་9ཚེས་22ཉིན། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པ་དང་ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་གྱོད་གཞི་ཁྲིམས་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་སྲོག་ཁྲིམས་གཅོད་རྒྱུའི་ཐག་བཅད་པ་དང་། ལོ་གཉིས་དུས་བསྒྱངས་ནས་ལག་ལེན་བསྟར་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། དུས་འགྱངས་སྲོག་ཁྲིམས་ཀྱི་ལོ་གཉིས་ཡུན་ཚད་འཐིམས་ནས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། ཁྲིམས་ཆད་ཇེ་ཡང་དང་ཚོད་བགམ་གློད་དཀྲོལ་མི་བྱ་རྒྱུ། ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་ཉེས་པ་བསགས་པས། དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ། སྲོག་ཁྲིམས་གཅོད་རྒྱུའི་ཐག་བཅད་པ་དང་། དུས་ཡུན་ལོ་གཉིས་བསྒྱངས་ནས་ལག་ལེན་བསྟར་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ། དུས་འགྱངས་སྲོག་ཁྲིམས་ཀྱི་ལོ་གཉིས་ཡུན་ཚད་འཐིམས་ནས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། ཁྲིམས་ཆད་ཇེ་ཡང་དང་ཚོད་བགམ་གློད་དཀྲོལ་མི་བྱ་རྒྱུ ། ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་ཁྲིམས་ལྟར་གཞུང་བཞེས་གཏོང་རྒྱུ་མ་ཟད་རྒྱལ་མཛོད་ལ་གོང་འབུལ་ཞུ་རྒྱུ།
     ཞིབ་བཤེར་རྩད་གཅོད་བྱས་པ་བརྒྱུད། 2005ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཅུས་ཀྲང་། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་འཛིན་པུའི་པུའུ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་གནས་ཀྱི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་སོགས་ལས་བྱུང་བའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱི་ཁེ་ལས་གཉེར་སྐྱོང་དང་། གོ་གནས་ལེགས་སྒྲིག གྱོད་གཞི་ཐག་གཅོད་སོགས་ཀྱི་ཐད་ལུགས་མཐུན་མིན་པའི་རོགས་རམ་བྱས་པ་དང་། མི་སྒེར་གྱིས་ཐད་ཀར་བླངས་པའམ་གཉེན་ཚན་བརྒྱུད་ནས་བླངས་པའི་ཁྲིམས་འགལ་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.17ལྷག་ཟིན་ཡོད། 2014ལོ་ནས་2015ལོའི་བར། ཧྥུ་ཀྲང་ཧྭ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། ཁོ་པའི་གཅུང་པོ་ཧྥུ་ཝེ་ཧྭ་ཡིས་ཉེས་པ་ཚབས་ཆེན་བསགས་པའི་གནད་དོན་གྱི་ཁུངས་སྣེ་སྦ་གསང་བྱས་ནས་གོང་ཞུ་བྱས་མེད་པ་དང་། ཁྲིམས་ལྟར་ཐག་གཅོད་བྱས་མེད་པས། ཧྥུ་ཝེ་ཧྭ་དུས་ཡུན་རིང་པོའི་ནང་ཁྲིམས་སྦྱོར་བདའ་འདེད་གཏོང་མཁན་བྱུང་མེད་པ་རེད།
     ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པ་དང་ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བསགས་པར་གཏོགས་པ་དང་། ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། ཉེས་ཚབས་ཧ་ཅང་ལྕི་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཧ་ཅང་ཆེན་པོ་བཟོས་པས། ཉེས་བགྲངས་བྱས་ན་ཁོ་པར་སྲོག་ཁྲིམས་གཅོད་དགོས་ངེས་ཡིན་པ། ཧྥུ་ཀྲེང་ཧྭ་ཡིས་ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་ཉེས་པ་ཧ་ཅང་ཚབས་ཆེ་བ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པས། དེར་ཡང་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་མ་ཟད་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་མཉམ་དུ་ཆད་པ་སྡེབ་གཅོད་བྱེད་དགོས། ཧྥུ་ཀྲེང་ཧྭ་ཁྲིམས་ལ་སྦྱར་རྗེས་རང་གིས་ཉེས་པ་བསགས་པ་ཇི་མ་ཇི་བཞིན་བརྗོད་པ་དང་། རང་ཉེས་ངོས་ལེན་དང་འགྱོད་གཤགས་བྱས་པ། ལྐོག་རྔན་བླངས་པ་ཕྱིར་སྤྲད་པ། གྱོད་གཞི་ཚབས་ཆེན་གཞན་དག་གི་ཁུངས་སྣེ་ཐེར་འདོན་བྱས་པ་ཞིབ་བཤེར་བྱས་རྗེས་དོན་དངོས་དང་མཐུན་པས། འགྱོད་བཤགས་ལེགས་སྒྱུར་གྱི་མངོན་ཚུལ་ཆེན་པོ་ཡོད་ལ། ཁྲིམས་ལུགས་ཀྱི་གཏན་འབེབས་དང་བབ་བལྟས་ཐག་གཅོད་བྱེད་ཐབས་ལྟར་ཆད་པ་ཡང་གཅོད་བྱེད་ཆོག་པས། ཁོ་པར་སྲོག་ཁྲིམས་གཅོད་རྒྱུ་དང་། འཕྲལ་དུ་ལག་བསྟར་མ་བྱས་ན་འགྲིག་གི་ཡོད་པའི་ངོས་འཛིན་བྱས་ཡོད། ཧྥུ་ཀྲེང་ཧྭ་ཡིས་ཉེས་པ་བསགས་པའི་དོན་དངོས་དང་གནད་དོན། རྒྱལ་ཁབ་དང་སྤྱི་ཚོགས་ཐོག་གནོད་འཚེ་ཚབས་ཆེན་བཟོས་པ་བཅས་ལ་གཞིགས་ཏེ། དུས་འགྱངས་སྲོག་ཁྲིམས་ཀྱི་ལོ་གཉིས་ཡུན་ཚད་འཐིམས་ནས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། ཁྲིམས་ཆད་ཇེ་ཡང་དང་ཚོད་བགམ་གློད་དཀྲོལ་མི་བྱ་རྒྱུའི་ཐག་བཅད། ཁྲིམས་ཁང་གིས་དེ་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།