འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།ཕུའུ་ཅིང་གིས་མི་ཁག་ཅིག་ལ་སྐུལ་སློང་བྱ་རྒྱུ་ཁྱབ་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་21ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་ནས། ཚེས་21ཉིན་ནས་བཟུང་མི་ཁག་ཅིག་ལ་སྐུལ་སློང་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
དེ་གོང་བཏོན་པའི་བཅའ་ཁྲིམས་ལ་གཞིགས་ན། སྐུལ་སློང་བྱ་ཡུལ་མི་ཁག་ཅིག་ནི་མིག་སྔར་གྲ་སྒྲིག་དམག་ཞབས་ཁྲོད་ཀྱི་སྤྱི་དམངས་ཡིན་ཞིང་། དེའི་ཁྲོད་དྲག་ཆས་དཔུང་སྡེར་དམག་ཞབས་ཞུ་མྱོང་ཡོད་པ་དང་དམག་དོན་ཆེད་ལས་དང་དམག་འཐབ་ཀྱི་ཉམས་མྱོང་ལྡན་པའི་མི་སྣ་སྔོན་ལ་བསྡུ་སྤྱོད་བྱ་རྒྱུ་དང་། མི་དེ་ཚོས་དཔུང་སྡེར་བཀོད་སྒྲིག་མ་བྱས་གོང་ངེས་པར་དུ་དམག་དོན་སྦྱོང་བརྡར་འཐོལ་པ་དང་ལེན་བྱེད་དགོས་ཀྱི་ཡོད། གཞན་ཡང་།མི་ཁག་ཅིག་ལ་སྐུལ་སློང་བྱེད་རྒྱུའི་བཀའ་རྒྱའི་ནང་ད་དུང་རྒྱལ་ཁབ་ཀྱི་རྒྱལ་སྲུང་ཉོ་སྒྲུབ་ཐད་ཀྱི་བྱེད་ཐབས་འཐོལ་པ་ཚུད་ཡོད་པས། སྲིད་གཞུང་སྡེ་ཁག་གིས་ངེས་པར་དུ་མཚོན་ཆ་ཐོན་ནུས་མཐོ་རུ་གཏོང་ཆེད་མ་དངུལ་འདང་ངེས་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 
     ཕུའུ་ཅིང་གིས་ནུབ་ཕྱོགས་ཀྱི་དམིགས་ཡུལ་ནི་ཨུ་རུ་སུའི་སྟོབས་ཤུགས་ཉམས་སུ་འཇུག་པ་དང་འཛམ་གླིང་དང་ཁ་བྲལ་དུ་འཇུག་པ་མ་ཚད་ཨུ་རུ་སུ་རྩ་མེད་གཏོང་རྒྱུ་དེ་རེད། ཕུའུ་ཅིང་གིས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་འགོ་ཚུགས་རྗེས། ཡུག་རེན་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོར་དགེ་མཚན་ལྡན་པའི་ཡ་ལན་སློག་ཡོད་མོད། འོན་ཀྱང་“ནུབ་ཕྱོགས་ཀྱི་མཛུབ་སྟོན་འོག་ཡུག་རེན་གྱིས་ཨུ་རུ་སུ་ཕྱོགས་དང་གཅིག་མཐུན་བྱུང་བའི་འཕེལ་རིམ་དེ་བཅད་ཡོད་ཅེས་བཤད།
     ཚེས་21ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས། མིག་སྔར་མི་ཁག་ཅིག་ལ་སྐུལ་སློང་བྱ་རྒྱུའི་ནང་སློབ་ཆེན་གྱི་སློབ་མ་ཚུད་མེད་ལ། འོས་འགན་དམག་གཡུལ་སར་མངགས་གཏོང་མི་སྲིད་ཅེས་བཤད་པ་རེད། ད་རེས་སྐུལ་སློང་བྱས་རྗེས་སྔོན་དཔག་བྱས་ན་གྲ་སྒྲིག་དམག་ཞབས་པ་ཁྲི་30བསྡུ་སྤྱོད་བྱེད་རྩིས་ཡོད།