འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།2012ལོ་ནས་བཟུང་རང་རྒྱལ་གྱི་རིགས་ཁག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་བཅུ་ཆ་བརྒྱད་ལྷག་ཙམ་
རྒྱལ་ནང་དུ་ལོག་ནས་བྱ་གཞག་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2012ལོ་ནས་བཟུང་རང་རྒྱལ་གྱི་རིགས་ཁག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་སློབ་མཇུག་འགྲིལ་རྗེས་རྒྱལ་ནང་དུ་ལོག་ནས་བྱ་གཞག་གཏོད་རྒྱུའི་གདམ་ག་བྱས་ཤིང་། 2020ལོ་དང་2021ལོར་རང་རྒྱལ་དུ་ཐོ་འགོད་བྱས་པའི་རྒྱལ་སྤྱིའི་སློབ་མ་དག་རྒྱལ་ཁབ་དང་ས་ཁུལ་195ནས་ཡོང་བ་དང་སློབ་རྒྱུས་ལྡན་པའི་སློབ་མས་76%བཟུང་བ་དེ་2012ལོ་ལས་35%འཕར་ཡོད། གྲངས་གཞི་དེ་དག་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་སློབ་གསོ་ནི་དེ་བས་སྒོ་དབྱེ་དང་། གདེང་ཚོད། རང་འགུལ་བཅས་ཀྱི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་པ་མཚོན་གྱི་ཡོད།