འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་གཉིས་པ། གཞན་གྱི་པིར་མིང་སྤྱད་དེ་བརྩམས་སྒྲུང་བྲིས་ན་ཁྲིམས་འགལ་ཡིན་ནམ།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ང་གཉིས་པ། གཞན་གྱི་པིར་མིང་སྤྱད་དེ་བརྩམས་སྒྲུང་བྲིས་ན་ཁྲིམས་འགལ་ཡིན་ནམ།
     གྱོད་གཞི། 
     ལོ་མང་པོའི་རིང་། ཞའོ་ལི་ཡིས“སྤྲིན་དཀར་ཆུ་རྒྱུན”ཞེས་པ་སྨྱུག་མིང་བྱས་ནས་དྲ་ཐོག་ཏུ་བརྩེ་དུང་སྐོར་གྱི་རྩོམ་ཡིག་མང་པོ་ཞིག་སྤེལ་བས། “སྤྲིན་དཀར་ཆུ་རྒྱུན”ཞེས་པའི་མིང་དེ་རིམ་བཞིན་མི་རྣམས་ཀྱིས་ཤེས་པ་རེད། ཞའོ་ཝང་གིས་སྨྱུག་མིང་ལ“སྤྲིན་དཀར་ཆུ་རྒྱུན”བྱ་བ་དེའི་བརྩམས་ཆོས་ལ་ཀློག་པ་པོའི་དགའ་མོས་ཐོབ་པ་མཐོང་དུས། མིང་དེ་སྤྱད་ནས་བརྩམས་སྒྲུང་བྲིས་ཏེ་ཀློག་པ་པོའི་ཡིད་འགུག་ཐབས་བྱས། ཞའོ་ལི་ཡིས་གནས་ཚུལ་ཤེས་རྗེས། ཞའོ་ཝང་ལ་འབྲེལ་བ་བྱས་ནས། གཞན་གྱི་པིར་མིང་སྤྱད་པ་རྒྱུ་མཚན་དུ་བྱས་ནས་ཁོ་ལ་པིར་མིང་བརྗེ་དགོས་པ་མ་ཟད་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན། ཞའོ་ཝང་གི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ནམ། 
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ། 
     ཁྲིམས་འགལ་རེད། དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་དང་བཅུ་བདུན་པའི་ནང་གཏན་འབེབས་བྱས་དོན། སྤྱི་ཚོགས་ཐོག་མིང་གྲགས་ངེས་ཅན་ལྡན་པ་ལ། མི་གཞན་གྱིས་སྤྱད་ན་མང་ཚོགས་ལ་ཉ་ཉུང་མཉམ་བསྲེས་བཟོ་ངེས་པའི་པིར་མིང་དང་། འཁྲབ་མིང་། དྲ་མིང་། བསྒྱུར་མིང་། འབྲུ་རྟགས། རུས་མིང་བཅས་དང་མིང་གི་བསྡུས་མིང་སོགས་ལ། རུས་མིང་གི་ཁེ་དབང་དང་མིང་གི་ཁེ་དབང་སྲུང་སྐྱོབ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།