འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།དབྱིན་ཇིས་ཡུག་རེན་ལ་དམག་དོན་ཐད་རྒྱབ་སྐྱོར་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞུང་ལས་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་20ཉིན་བཤད་དོན། 2023ལོར་དབྱིན་ཇིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱེད་ཚད་དེ་2022ལོའི་དབྱིན་སྒོར་དུང་ཕྱུར་23(ཧ་ལམ་ཨ་སྒོར་དུང་ཕྱུར་26.3)ཟིན་པའམ་ཡང་ན་དེ་ལས་བརྒལ་སྲིད། 
    དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐུ་ལ་སི་གཞུང་དོན་ཁང་གི་གསལ་བསྒྲགས་ཤིག་གི་ནང་། དབྱིན་ཇིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱེད་པ་དེའི་ནང་མེ་ཤུགས་འཕུར་མདའ་མ་ལག་སོགས་དམག་དོན་སྒྲིག་ཆས་ཚུད་ཡོད་ཅེས་འཁོད་ཡོད།