འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།ཨ་རིས་བསྟུད་མར་ཉིན་གསུམ་ལ་སི་རི་ཡ་ནས་རྡོ་སྣུམ་རྐུ་སྔོག་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། སི་རི་ཡའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་20ཉིན། ཨ་རིའི་དམག་དཔུང་གིས་ཡང་བསྐྱར་སི་རི་ཡའི་བྱང་ཤར་རྒྱུད་ནས་རྡོ་སྣུམ་སྔོག་འདོན་བྱས་པ་མ་ཟད། སྣུམ་སྣོད་རླངས་འཁོར་60ལས་གྲུབ་པའི་རླངས་འཁོར་རུ་ཁག་བཏང་ནས་དབྱི་རག་ཏུ་སྐྱེལ་འདྲེན་བྱས་པ་རེད།
     གནས་འཕྲིན་ནང་ད་དུང་འདས་ཟིན་པའི་ཉིན་གཉིས་ཀྱི་རིང་ལ། ཨ་རིའི་དམག་དཔུང་གིས་རིམ་རྩིས་བྱས་ན་རླངས་འཁོར་བཅུ་ཕྲག་ཁ་ཤས་བཏང་ནས། རྐུ་འཕྲོག་བྱས་པའི་རྡོ་སྣུམ་དེ་ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་ས་བརྒྱུད་དེ་དབྱི་རག་མངའ་ཁོངས་ཀྱི་རྟེན་གཞིར་བརྒྱུད་འདྲེན་བྱ་རྒྱུ་རེད་ཅེས་འཁོད་ཡོད།
     ཨ་དམག་གིས་སི་རི་ཡའི་རྡོ་སྣུམ་ཐོན་ཁུངས་ཐེངས་མང་བརྐུས་པས་སི་རི་ཡའི་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཟླ་8པར་སི་རི་ཡའི་ཕྱི་འབྲེལ་པུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིར་འཕྲིན་ཡིག་སྤྲིངས་སྐབས་བཤད་དོན། 2011ལོ་ནས་ད་ལོའི་ཟླ་6པའི་བར། ཨ་དམག་ཁྲིམས་འགལ་ངང་སི་རི་ཡར་བཅའ་སྡོད་བྱེད་པ་དང་། དེ་བཞིན་ཨ་རི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པའི་དྲག་ཆས་སྟོབས་ཤུགས་ཀྱིས་རྐུ་སྔོག་དང་ཁྲིམས་འགལ་ངང་ལྐོག་འདྲེན་བྱས་པའི་བྱ་སྤྱོད་ལས། སི་རི་ཡའི་རྡོ་སྣུམ་དང་། རང་བྱུང་སོལ་རླངས། གཏེར་ཁ་སོགས་ལས་རིགས་ལ་གྱོང་གུན་ཆེན་པོ་ཐེབས་ནས། ཐད་ཀར་དང་གཞན་བརྒྱུད་ཀྱི་གྱོང་གུན་ཨ་སྒོར་དུང་ཕྱུར་1071ཟིན་ཡོད།