འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།ཕུའུ་ཅིང་གིས་བཙན་དབང་གི་རེ་ངན་རྒྱུན་མཐུད་བྱེད་མི་ཐུབ་ཟེར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་20ཉིན། ཡ་མེ་ནི་ཡ་སོགས་ཨུ་རུ་སུར་བཅའ་སྡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་དོན། སྣེ་མང་ཅན་ནི་འཛམ་གླིང་གི་འཕེལ་ཕྱོགས་ཤིག་ཡིན་པས་རྒྱལ་སྤྱིའི་ལས་དོན་ཁྲོད་བཙན་དབང་རྒྱུན་འཁྱོངས་བྱ་རྒྱུའི་རེ་ངན་དེ་རྒྱུན་མཐུད་བྱེད་ཐབས་བྲལ། 
     ཕུའུ་ཅིང་གིས་བཤད་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་འཛམ་གླིང་ཡོངས་ཀྱི་མངའ་ཁོངས་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་གྱུར་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་འཛམ་གླིང་ནི་སྣེ་མང་ཅན་ཞིག་ཡིན་དགོས་པ་དང་། ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཚད་གཞིར་བཟུང་ནས་འདྲ་མཉམ་དང་། བདེ་འཇགས། གཉིས་ཕན་མཉམ་ལས་བཅས་དར་སྤེལ་བྱེད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འདུ་ཤེས་ཀྱིས་རྒྱལ་ཁབ་སྔར་ལས་མང་བ་ཞུགས་པར་འགུག་བཞིན་ཡོད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་སྔར་ལས་མང་བས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དོན་ལ་དོ་ཁུར་བྱེད་བཞིན་ཡོད།
   གཞན་ཡང་། ཕུའུ་ཅིང་གིས་ད་དུང་། སྣེ་མང་ཅན་དུ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཁྲོད་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བཙན་དབང་རྒྱུན་འཁྱོངས་བྱ་རྒྱུའི་རེ་ངན་བཅངས་མོད། འོན་ཀྱང་བཙན་དབང་རྒྱུན་འཁྱོངས་བྱ་རྒྱུའི་རེ་ངན་དེ་རིགས་ནམ་ཡང་རྒྱུན་མཐུད་བྱེད་མི་ཐུབ་ཅེས་བཤད་པ་རེད།