འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་21ཉིན།

༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས། ཕྱོགས་མང་པོ་ནས་རིམས་འགོག་དངོས་ཟོག་
གྲབས་གསོག་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་སྤྲད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་21ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། རིམས་ནད་ཐོན་ཚུན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཐབས་བརྒྱ་ཇུས་སྟོང་གིས་རིམས་འགོག་དངོས་ཟོག་སྣ་ཚོགས་གྲབས་གསོག་བྱས་ཏེ་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དངོས་ཟོག་འགན་ལེན་བརྟན་པོ་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་གྲོང་སྡོད་ལས་དོན་རུ་ཁག་གིས་མངགས་གཏོང་ཚན་པ་དང་གཅེས་སེམས་ཁེ་ལས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་གཏིང་སྐྱེས་རྫོང་ལ་སྨན་སྤྱོད་ཕྱི་བཅོས་ཁ་རས་119200དང་། N95སྨན་བཅོས་འགོག་སྲུང་ཁ་རས་12400 སྨན་སྤྱོད་ལག་ཤུབས་18550 བྱིས་པའི་ཁ་རས་13300བཅས་ཞལ་འདེབས་རག་པར་ཁྱོན་རིན་གོང་སྒོར་ཁྲི་14ལྷག་ཙམ་ཟིན་པ་མ་ཟད། དངོས་ཟོག་དེ་དག་དུས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་སྤྲད་ཡོད་པ་རེད།