འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།རྒྱ་མཚོ་ནི་ལྗར་པན་གྱི་གད་སྙིགས་བླུག་སྣོད་མིན་པ་བཤད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 
   གསར་འགོད་པས་ལྗར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ལྗར་པན་གྱི་ཐོ་ཁེའོ་གློག་ཤུགས་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིང་རྡུལ་མཚོན་ཆ་མང་བའི་ཐག་གཅོད་མ་ལག(ALS)གཙང་སེལ་བྱས་རྗེས་ཀྱི་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་བཙོག་ཆུར་མ་དཔེ་བླངས་ནས་དབྱེ་ཞིབ་བྱེད་མྱོང་ཡོད། སི་-90ཡི་གྲུང་ཚད་གར་ཚད་ནི་ཉིན་རེའི་རྒྱལ་ཁབ་ཀྱི་ཚད་གཞིའི་ལྡབ་3ཙམ་ཡིན་པ་ཤེས་རྟོགས་བྱུང་ཡོད་བརྗོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།     
   མའོ་ཉིང་གིས་ངས་གོང་གསལ་གྱི་གནས་ཚུལ་དེར་དོ་སྣང་བྱུང་། དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྗར་པན་ཕྱོགས་ཀྱི་གཞི་གྲངས་ཀྱི་ཁུངས་བཙན་རང་བཞིན་དང་། གཙང་སྒྱུར་སྒྲིག་ཆས་ཀྱི་ཕན་ནུས་རང་བཞིན། ཁོར་ཡུག་ཤུགས་རྐྱེན་གྱི་ངེས་མེད་རང་བཞིན་སོགས་ཐད་ཀྱི་དོ་ཁུར་ནི་རྦད་དེ་ལུགས་མཐུན་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། ལྗར་པན་ཕྱོགས་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་ཇུས་གཞིའི་ཐད་དོགས་གཞི་མང་པོ་གནས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལུགས་མཐུན་ངང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་མ་བྱུང་བའི་གནས་ཚུལ་འོག  ཨུ་ཚུགས་ཀྱིས་མཚོ་འབུད་ཇུས་གཞི་དང་མཚོ་འབུད་སྦུག་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དེ་ནི་འགན་འཁྲི་གཏན་ནས་མི་འཁུར་བ་ཞིག་རེད་བཤད། 
   རྒྱ་མཚོ་ནི་ལྗར་པན་གྱི་གད་སྙིགས་བླུག་སྣོད་མ་རེད། ཞི་བདེ་རྒྱ་མཚོ་ནི་ལྗར་པན་གྱི་ས་འོག་གི་ཆུ་ལམ་མ་རེད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུ་མཚམས་འཇོག་དགོས་པའི་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། རྒྱལ་ཁབ་ཁག་གི་ལུགས་མཐུན་དོ་ཁུར་ལ་ལན་ནན་གྱིས་འདེབས་པ་དང་། རྒྱལ་སྤྱིའི་འོས་འགན་འཁུར་དགོས་ངེས་ཀྱི་ནུས་པ་ཏན་ཏིག་སྒྲུབ་པ། མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚུད་པའི་ཁེ་ཕན་འབྲེལ་ཡོད་ཕྱོགས་དང་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་གཞིས་གྲོས་མོལ་གང་ལེགས་བྱེད་པ། ཚན་རིག་དང་མཐུན་ཞིང་། ཡོངས་བསྒྲགས། ཁ་གསལ། བདེ་འཇགས་བཅས་ཀྱི་བྱ་ཐབས་ཐོག་ནས་ཉིང་རྡུལ་བཙོག་ཆུའི་གནད་དོན་ཐག་གཅོད་བྱེད་སྟངས་འོས་འཚམ་འཚོལ་ཞིབ་བྱ་རྒྱུའི་ལྕག་སྐུལ་ཡང་བསྐྱར་བྱ་རྒྱུ་ཡིན་ཞེས་བཤད།