འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།ཕུའུ་ཅིང་གིས་རྫས་ལུད་ཏུན་ཁྲི་30རིན་མེད་ངང་སྦྱིན་རྒྱུ་ཡིན་པ་བཤད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་16ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ནང་ཞུགས་སྐབས། ཨུ་རུ་སུའི་རྫས་ལུད་ཕྱིར་གཏོང་དེ་ཟོག་འདྲེན་དང་འགན་བཅོལ་སོགས་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད། ཁོང་གིས། ཨུ་རུ་སུས་རྒྱལ་ཁབ་དེས་ཡོ་རོབ་གྲུ་ཁར་བཀག་ཉར་བྱས་པའི་རྫས་ལུད་ཏུན་ཁྲི་30དེ་རིན་མེད་ངང་དགོས་མཁོ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཁོ་འདོན་བྱ་རྩིས་ཡོད། དེས་གོ་ལ་ཧྲིལ་པོའི་འབྲུ་རིགས་ཉམས་ཉེན་ཞི་ལྷོད་དུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བརྗོད། 
ཡུག་རེན་གྱི་ཉམས་ཉེན་ཆེ་རུ་ཕྱིན་པ་ནས་བཟུང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུར་རེས་སྐོར་མང་བའི་བཀག་སྡོམ་དང་དཔལ་འབྱོར་གྱི་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ནུབ་ཕྱོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱས་པ་ལས་དངུལ་ཁང་གི་བསྡོམས་རྩིས་དང་། འགན་བཅོལ། མཚོ་ཐོག་སྐྱེལ་འདྲེན་སོགས་ཐད་འགོག་རྐྱེན་མང་པོ་ཐོན་པ་དང་། ཨུ་རུ་སུའི་རྫས་ལུད་དང་རྒྱུ་ཆ་འབོར་ཆེན་སྐྱེལ་འདྲེན་བྱ་ཡུལ་དུ་ལུས་ཡོད་ཅེས་བཤད།