འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་འགོ་ཁྲིད་འདི་གཉིས་འབུད་བཏང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ལི་ཅེ་ཞང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།   
   ཞིབ་བཤེར་བྱས་པ་བརྒྱུད། ལི་ཅེ་ཞང་གི་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་བ། བསམ་ངན་ཁོག་བཅུག་གིས་ཆབ་སྲིད་ཀྱི་གོ་སྐབས་འཚོལ་བ། གོ་གནས་དོན་གཉེར་བྱས་ནས་ཆབ་སྲིད་ཀྱི་བར་ཁེ་རག་ཐབས་བྱེད་པ། རྒྱལ་ཁབ་ལ་དབང་བའི་གཏེར་རྫས་ཐོན་ཁུངས་སྤྱད་ནས་ཆབ་སྲིད་ཀྱི་ཉོ་ཚོང་བྱེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལས་ཆབ་སྲིད་ཀྱི་རྫུ་བཟོ་བྱེད་པར་འགྲན་རྒོལ་བྱེད་པ། ལྷ་ལ་དད་བཀུར་གྱིས་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་ཐ་ཤལ་གྱི“ཆང་རག་དང་སྒྲོག་ཙེའི་རིག་གནས”ལ་བརྩི་སྲུང་བྱས་ཏེ་བག་མེད་ལོངས་སྤྱོད་དང་སྒྲིག་འགལ་ངང་ལག་རྟགས་བླངས་པ། གཏན་འབེབས་ལྟར་རང་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མི་ཞུ་བ་དང་། ལས་བྱེད་པ་འདེམས་སྒྲུག་དང་བསྐོ་སྤྱོད་བྱེད་རིང་མི་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ། འགན་དབང་སྤྱོད་པའམ་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་ཉེ་ཡིས་གཉེར་སྐྱོང་བྱེད་པའི་བྱེད་སྒོར་རོགས་རམ་བྱེད་པ། སྒྲིག་འགལ་ངང་ཁྲིམས་འཛིན་བྱེད་སྒོ་དང་ཁྲོམ་རའི་དཔལ་འབྱོར་བྱེད་སྒོར་ཐེ་ཇུས་བྱེད་པ། ཀུན་སྤྱོད་ངན་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་གཞི་ཐིག་སྤུ་ཙམ་ཡང་མེད་པར་དཔོན་པོར་སྡོད་འདོད་ཡོད་ལ་ཕྱུག་པོར་འགྱུར་འདོད་ཀྱང་ཡོད་ཅིང་། གཉེན་ཉེ་དང་གྲོགས་པོས་ཚོང་གཉེར་བྱེད་པར་བརྟེན་ནས་འགེབས་སྲུང་བྱེད་པ་དང་། དབང་དངུལ་བརྗེ་འཚོང་ཤུགས་ཆེན་བྱེད་པ།གོ་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་ལ་ལས་གྲྭའི་འགན་ལེན་དང་རྣམ་གྲངས་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་ཁེ་ཕན་སྒྲུབ་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་ལེན་གྱི་ཡོད།
   ལི་ཅེ་ཞང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས།ལས་ཀའི་སྒྲིག་ཁྲིམས།འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད་རྒྱུ་རྔན་ཟ་ལེན་གྱི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚད་མི་བཟུང་བ། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་ཞིང་། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས། ལི་ཅེ་ཞང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོས། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་དགོས། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་དང་ །དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད།