འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།རིམས་འགོག་ལས་དོན་ཆ་འཕྲིན་ཕྱི་གྱར་ནས་དཔོན་རིགས་4ལ་བརྟག་དཔྱད་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། “སྤྱོད་གཙང་རུང་ཁྲེང”གིས་ཚེས་18ཉིན《ཀྲུང་གུང་ཁྲེང་ཏུའུ་གྲོང་ཁྱེར་སྒྲིག་ཨུད་དང་ཁྲེང་ཏུའུ་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་3སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་རེད། དེའི་ནང། ་ཏུའུ་ཅང་ཡན་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་གཡོད་དང་། ཆིང་དབྱང་ཆུས་འཕྲོད་བསྟེན་ཅན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་ལིའུ་ཡུང་མའེ་སོགས་མི་བཞི་པོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆ་འཕྲིན་ཕྱིར་གྱར་བའི་གནད་དོན་བརྡ་ཁྱབ་བཏང་བ་ཡོད།