འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཞེ་དགུ་པ། ཁང་པའི་ཕྱི་རོལ་ཏུ་ལྟ་སྐུལ་ཚོད་
འཛིན་སྒྲིག་སྦྱོར་དེར་ཁྱིམ་མཚེས་ཀྱིས་བཤིག་དགོས་ཟེར་ཆོག་གམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཞེ་དགུ་པ། ཁང་པའི་ཕྱི་རོལ་ཏུ་ལྟ་སྐུལ་ཚོད་
འཛིན་སྒྲིག་སྦྱོར་དེར་ཁྱིམ་མཚེས་ཀྱིས་བཤིག་དགོས་ཟེར་ཆོག་གམ།
གྱོད་གཞི། 
    ཀྲང་སན་དང་ལི་སི་གཉིས་ནི་སྲང་ལམ་གཅིག་ཏུ་སྡོད་པའི་ཁྱིམ་མཚེས་རེད། ཀྲང་སན་གྱིས་རང་ཁྱིམ་གྱི་ཁང་པའི་གྱང་ཐོག་ཏུ་བརྙན་མིག་སྒྲིག་སྦྱོར་བྱས་ནས་སྲང་ལམ་པར་ལེན་བཞིན་ཡོད། འོན་ཀྱང་། ལི་སི་ཁྱིམ་ནས་འགྲོ་འོང་བྱེད་དུས་ངེས་པར་དུ་སྲང་ལམ་འདི་བརྒྱུད་དགོས། ལི་སི་ཡིས་ཀྲང་སན་གྱིས་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་པའི་བྱ་སྤྱོད་དེས་རང་ཉིད་ཀྱི་གསང་དོན་ལ་གནོད་པ་བཟོས་འདུག་སྙམ་ནས། བརྙན་ལེན་འཕྲུལ་ཆས་བཤིག་དགོས་པའི་རེ་བ་བཏོན། ལི་སིའི་བླང་བྱ་དེ་ཁྲིམས་མཐུན་ཡིན་ནམ།    

གྱོད་གཞིར་གཞིགས་ནས་ཁྲིམས་བཤད་པ། 
    ཁྲིམས་མཐུན་ཡིན། ལྟ་སྐུལ་ཚོད་འཛིན་སྒྲིག་སྦྱོར་བྱེད་སྐབས་ལྟ་སྐུལ་ཚོད་འཛིན་བྱེད་ཁོངས་ནང་གི་ཁྱིམ་མཚེས་དང་གྲོས་མོལ་བྱ་དགོས་པ་དང་། ཁྱིམ་མཚེས་ཀྱི་མོས་མཐུན་ཐོབ་རྗེས་སྒྲིག་སྦྱོར་བྱ་དགོས། དེ་ལྟར་མ་བྱས་ན་མི་གཞན་གྱི་གསང་དོན་ལ་གནོད་འཚེ་བཟོ་ཉེན་ཡོད། དམངས་དོན་ཁྲིམས་གཞུང་དོན་ཚན་ཆིག་སྟོང་དང་སོ་གསུམ་པའི་ནང་གཏན་འབེབས་བྱས་དོན། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་ཁེ་དབང་བདག་པོས་མོས་མཐུན་ཁ་གསལ་བྱས་ཡོད་པ་ཕུད། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག    (གཅིག) ཁ་པར་དང་འཕྲིན་ཐུང་། སྐབས་ཐོག་འཕྲིན་གཏོང་ཡོ་བྱད། གློག་རྡུལ་སྦྲག་ཡིག བསྒྲགས་ཡིག་སོགས་ཀྱི་ཐོག་ནས་མི་གཞན་གྱི་འཚོ་བའི་ལྷིང་འཇགས་ལ་དཀྲུག་ཟིང་གཏོང་བ། (གཉིས།) མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་གི་ཁང་མིག་སོགས་གསང་བའི་བར་སྟོང་ནང་དུ་འཛུལ་བ་དང་། པར་ལེན་པ། ལྐོག་ལྟ་བྱེད་པ།   (གསུམ།) མི་གཞན་གྱི་གསང་བའི་བྱ་སྤྱོད་པར་ལེན་པ་དང་། ལྐོག་ལྟ་བྱེད་པ། ལྐོག་ཉན་བྱེད་པ། ཡོངས་བསྒྲགས་བྱེད་པ།   (བཞི།) མི་གཞན་གྱི་ལུས་པོའི་གསང་གནས་པར་ལེན་པ་དང་ལྐོག་ལྟ་བྱེད་པ། (ལྔ།) མི་གཞན་གྱི་སྒེར་གྱི་གསང་བའི་ཆ་འཕྲིན་ལ་ལས་སྣོན་བྱེད་པ། (དྲུག) བྱེད་སྟངས་གཞན་དག་གི་ཐོག་ནས་མི་གཞན་པའི་སྒེར་གསང་གི་ཁེ་དབང་ལ་གནོད་འཚེ་གཏོང་བ།